བོད་ནས་ཁྱེད་ལ་གཞས་གཅིག
2022.04.07
སུད་སི་གནས་བཞུགས་སྒྱུ་རྩལ་བ་བློ་བསྟན་རྣམ་གླིང་ལགས་ནས་ བོད་ནས་ཁྱེད་ལ་གཞས་གཅིག་ཅེས་པའི་མིང་བྱང་འོག་ཡུ་རོབ་ཁུལ་དུ་གླུ་གཞས་ཀྱི་ལམ་ནས་བོད་དོན་ངོ་སྤྲོད་དང་གོ་རྟོག་ཁྱབ་སྤེལ་གྱི་ལས་འགུལ་སྤེལ་བཞིན་ཡོད་པ་དང་། དེ་རིང་གསར་འགྱུར་དང་འབྲེལ་བའི་ལེ་ཚན་འདིའི་ནང་བློ་བསྟན་ལགས་སུ་ལས་འགུལ་གྱི་རྒྱབ་སྦྱོང་དང་དམིགས་ཡུལ་བཅས་ཀྱི་སྐོར་ འདི་གའི་ལས་བྱེད་དོན་གྲུབ་རྣམ་རྒྱལ་ལགས་ཀྱིས་གནས་འདྲི་ཞུས་པ་གསན་རོགས་གནང་།
གསར་འགོད་པ། དོན་གྲུབ་རྣམ་རྒྱལ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།