བོད་མི་ན་གཞོན་༣༤ལ་རོགས་སྐྱོར།

2021-05-04
Share
བོད་མི་ན་གཞོན་༣༤ལ་རོགས་སྐྱོར། རྒྱ་གར་ནང་གི་བོད་མི་གཞོན་སྐྱེས་གྲངས་༣༤ལ་ལས་རིགས་དང་ ཚོང་ལས་ཆུང་ཆུང་འགོ་འཛུགས་བྱ་ཆེད་ཕྱི་ལོ་༢༠༢༠ནས་༢༡ལོའི་ནང་སྐྱེད་ཆུང་བུན་གཡར་རྒྱ་གར་གྱི་སྒོར་མོ་འབུམ་༣༩ཙམ་བགོ་འགྲེམས་གནང་འདུག
བོད་མིའི་སྒྲིག་འཛུགས།

༄༅།།ཐེངས་འདིའི་བཙན་བྱོལ་བོད་མིའི་དཔལ་འབྱོར་གྱི་བྱ་གཞག་ཅེས་པའི་ལེ་ཚན་ནང་། བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་ན་གཞོན་རོགས་སྐྱོར་ཚན་པས་རྒྱ་གར་ནང་གི་བོད་མི་གཞོན་སྐྱེས་གྲངས་༣༤ལ་ལས་རིགས་དང་ ཚོང་ལས་ཆུང་ཆུང་འགོ་འཛུགས་བྱ་ཆེད་ཕྱི་ལོ་༢༠༢༠ནས་༢༡ལོའི་ནང་སྐྱེད་ཆུང་བུན་གཡར་རྒྱ་གར་གྱི་སྒོར་མོ་འབུམ་༣༩ཙམ་བགོ་འགྲེམས་གནང་འདུག་པ་འདིའི་ཐད།ནང་སྲིད་ལས་ཁུངས་ཀྱི་ན་གཞོན་རོགས་སྐྱོར་ཚན་པའི་འགན་འཛིན་དྲུང་གཞོན་ཐུབ་བསྟན་རིག་འཛིན་ལགས་སུ་ཚེ་དབང་དངོས་གྲུབ་ལགས་ཀྱིས་བཀའ་འདྲི་ཞུས་ནས་ཕྱོགས་སྒྲིག་ཞུས་པ་ཞིག་ལ་གསན་རོགས་གནང་།

གསར་འགོད་པ་ཚེ་དབང་དངོས་གྲུབ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།