འགྱུར་མེད་དབང་གྲགས་ལགས་ཀྱི་ལོ་རྒྱུས།

2021-03-16
Share
འགྱུར་མེད་དབང་གྲགས་ལགས་ཀྱི་ལོ་རྒྱུས། ཉི་ཧོང་ནང་ ༡༩༦༥ ལོར་བཙན་བྱོལ་བོད་མི་སློབ་སྦྱོང་ལ་བསྐྱོད་མཁན་ཐོག་མའི་གྲས་མི་སྣ་ལྔའི་ཁོངས་ནས་ཁེ་ན་ཌའི་རྒྱལ་སར་གནས་བཞུགས་འགྱུར་མེད་དབང་གྲགས་ལགས་ཀྱིས་ (འཇུ་ཌོ་) དྲག་རྩལ་གྱི་སློབ་སྦྱོང་གནང་ཡོད་པ་རེད།
འགྱུར་མེད་དབང་གྲགས།

༄༅།།ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལས་རིམ་ནང་། ཉི་ཧོང་ནང་ ༡༩༦༥ ལོར་བཙན་བྱོལ་བོད་མི་སློབ་སྦྱོང་ལ་བསྐྱོད་མཁན་ཐོག་མའི་གྲས་མི་སྣ་ལྔའི་ཁོངས་ནས་ཁེ་ན་ཌའི་རྒྱལ་སར་གནས་བཞུགས་འགྱུར་མེད་དབང་གྲགས་ལགས་ཀྱིས་ (འཇུ་ཌོ་) དྲག་རྩལ་གྱི་སློབ་སྦྱོང་གནང་ཡོད་པ་རེད། ཁོང་གིས་འདི་གའི་ལས་རིམ་ཐོག་དྲག་རྩལ་སློབ་སྦྱོང་ལ་ཞུགས་དགོས་པའི་དམིགས་ཡུལ་གཙོ་བོ་ནི། སྐབས་དེར་བསམ་རྒྱུ་དང་དྲན་རྒྱུ་གཅིག་ལས་མེད་པ་ནི་བོད་ནང་དྲག་རྩལ་གྱི་སློབ་སྦྱོང་བྱེད་པ་འདི་དག་འཇབ་དམག་གིས་ངོ་བོའི་ཐོག་ནས་འཇབ་རྒོལ་གྱི་གྲ་སྒྲིག་ཆེད་སྦྱང་བ་ཡིན་པ་ངོ་སྤྲོད་གནང་ཡོད།གཤམ་ལ་འདི་གའི་ལས་བྱེད་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་འགྱུར་མེད་དབང་གྲགས་ལགས་དང་ལྷན་ཁོང་གི་མི་ཚེའི་ལོ་རྒྱུས་མཚར་པོ་ཞིག་ཡོད་པའི་ཐད་གླེང་མོལ་ཞུས་པར་གསན་རོགས་ཞུ།

གསར་འགོད་པ་བཀྲ་ཤིས་དབང་ཕྱུག

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།