བོད་མི་ལས་འགུལ་བ་བློ་བཟང་འབྱོར་ལྡན་ལགས་སུ་འཇིགས་སྐུལ།

2020-09-08
གློག་འཕྲིན།
མཆན།
Share
པར་བཀོད།
རེས་གཟའ་ལྷག་པ་ནམ་ཡིན་ལ་བོད་མི་བློ་བཟང་འབྱོར་ལྡན་ལགས་ཀྱིས་ཨོས་ཀྲེ་ལི་ཡ་སིཌ་རྒྱ་ནག་གཞུང་ཚབ་ཡན་ལག་མདུན་བོད་དོན་ལས་འགུལ་སྤེལ་སྐབས་བོད་མི་དང་ཕྱི་རྒྱལ་བ་ཚོས་རྒྱབ་སྐྱོར།
རེས་གཟའ་ལྷག་པ་ནམ་ཡིན་ལ་བོད་མི་བློ་བཟང་འབྱོར་ལྡན་ལགས་ཀྱིས་ཨོས་ཀྲེ་ལི་ཡ་སིཌ་རྒྱ་ནག་གཞུང་ཚབ་ཡན་ལག་མདུན་བོད་དོན་ལས་འགུལ་སྤེལ་སྐབས་བོད་མི་དང་ཕྱི་རྒྱལ་བ་ཚོས་རྒྱབ་སྐྱོར།
བློ་བཟང་འབྱོར་ལྡན།

གནད་དོན་གླེང་མོལ་གྱི་ལས་རིམ་ནང་།  ༢༠༢༠ ཟླ་ ༦ ཚེས་ ༡༠ ནས་བཟུང་ད་བར་རེས་གཟའ་ལྷག་པ་ནམ་ཡིན་ལ་བོད་མི་བློ་བཟང་འབྱོར་ལྡན་ལགས་ཀྱིས་ཨོས་ཀྲེ་ལི་ཡ་སིཌ་རྒྱ་ནག་གཞུང་ཚབ་ཡན་ལག་མདུན་བོད་ནང་གི་གནད་དོན་དང་ལྷག་པར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་བོད་ནང་གདན་ཞུ་དགོས་པ།  ཀོ་ཝིཌ་ ༡༩ ཏོག་གསར་ནད་ཡམས་ཐད་རྒྱ་ནག་གིས་འགན་ལེན་བྱ་དགོས་པ་དང་།  རྒྱ་ནག་གི་ཅ་དངོས་ལ་དྭང་ལེན་མ་བྱེད་པར་ངོ་རྒོལ་བྱ་དགོས་པའི་དགོས་འདུན་འདོན་བཞིན་ཡོད་པ་རེད།  བརྒྱུད་རིམ་འདིའི་ཁྲོད་ཉེ་ལམ་ཨོས་ཀྲེ་ལི་ཡའི་ནང་སྐྱེས་ཚར་བྱུང་བ་མིན་པར་དྭོགས་འོས་ཀྱི་རྒྱ་མི་ཁག་གཅིག་གིས་ཁོང་ལ་འཇིགས་སྐུལ་བྱེད་པ་བྱུང་སྐོར་འགྲེལ་བརྗོད་གནང་གི་ཡོད་པ་རེད།   བློ་བཟང་འབྱོར་ལྡན་ལགས་དང་འདྲ་མཚུངས་ཡོ་རོབ་སྦེལ་འཇམ་ཁུལ་དང་ཁེ་ན་ཌ་ཊོ་རོན་ཊོ་གྲོང་ཁྱེར་གྱི་རྒྱ་ནག་གཞུང་ཚབ་མདུན་དུའང་རེས་གཟའ་ལྷག་པ་ནམ་ཡིན་ལ་བོད་དོན་རྔམ་སྟོན་གྱི་ལས་འགུལ་གནང་མུས་ཡིན་པ་རེད།  གཤམ་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་བཀྲིས་དབང་ཕྱུག་ལགས་ཀྱིས་བློ་བཟང་འབྱོར་ལྡན་ལགས་དང་ལྷན་ལྷག་དཀར་གྱི་ལས་འགུལ་དང་འབྲེལ་བའི་ཐད་གླེང་མོལ་ཞུས་པ་ཞིག་གསན་རོགས་ཞུ།

མཆན། (0)
Share
དྲ་གནས་ཆ་ཚང༌།