རྒྱ་གར་གཞུང་གིས་རྒྱ་ནག་གཅིག་གི་སྲིད་བྱུས་ལ་བསྒྱུར་བ་གཏོང་དགོས།
2021.02.16

༄༅།།བོད་དོན་ལས་འགུལ་བ་དང་རྩོམ་པ་པོ་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་བོད་ལྕགས་གླང་ལོ་གསར་ཚེས་ ༡ ནས་བཟུང་བཞུགས་སྒར་རྡ་རམ་ས་ལ་ནས་རྒྱ་གར་རྒྱལ་ས་ལྡི་ལི་བར་བོད་དོན་ཆེད་གོམ་བགྲོད་ཀྱི་ལས་འགུལ་སྤེལ་བཞིན་ཡོད་ཅིང་། རྒྱ་གར་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ཏེ་རྒྱ་ནག་གཅིག་གི་སྲིད་བྱུས་ལ་བསྒྱུར་བ་གཏོང་དགོས་པའི་དགོས་འདུན་འདོན་བཞིན་ཡོད་པས། ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལས་རིམ་ནང་། རྒྱ་གར་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་དང་འདིར་འགྱུར་བའི་ཁ་ཕྱོགས་གང་འདྲ་ཞིག་ཐོངས་དགོས་མིན་ཐད་ལས་འགུལ་བ་ཁོང་དང་ལྷན་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་གནང་བ་ཞིག་གསན་རོགས་ཞུ།།
གསར་འགོད་པ་བཀྲ་ཤིས་དབང་ཕྱུག