བོད་དོན་རྒྱབ་སྐྱོར་འཕར་མ་ཞིག་འཚོལ་རྒྱུའི་གོ་སྐབས།

2021.05.12
Share on WhatsApp
Share on WhatsApp
བོད་དོན་རྒྱབ་སྐྱོར་འཕར་མ་ཞིག་འཚོལ་རྒྱུའི་གོ་སྐབས། ཨ་རི་དང་ཁེ་ཎ་ཌའི་གཙོས་པའི་ནུབ་ཕྱོགས་དམངས་གཙོའི་རྒྱལ་ཁབ་ཁག་དང་རྒྱ་ནག་དང་འབྲེལ་ལམ་ཐད་དོ་ཕོགས་ཆེན་པོ་ཞིག་ཐེབས་ཡོད་པ།
ཨེལ་བྷར་ཊ་གཙུག་ལག་སློབ་ཆེན།

དེ་རིང་ཁ་བའི་གྲོས་རྭ་ལེ་ཚན་ནང་།ད་སྐབས་ཨ་རི་དང་ཁེ་ཎ་ཌའི་གཙོས་པའི་ནུབ་ཕྱོགས་དམངས་གཙོའི་རྒྱལ་ཁབ་ཁག་དང་རྒྱ་ནག་དང་འབྲེལ་ལམ་ཐད་དོ་ཕོགས་ཆེན་པོ་ཞིག་ཐེབས་ཡོད་ཅིང་།རྒྱ་ནག་དང་ཕྱི་འབྲེལ་སྲིད་ཇུས་ཐོག་འདས་པའི་ལོ་བཅུ་ཕྲག་འགའ་ཤས་ནང་བྱུང་མྱོང་མེད་པའི་ཚད་གཞི་དམའ་ཤོས་ཞིག་ལ་སླེབས་ཡོད་པ་གནད་དོན་དབྱེ་ཞིབ་པ་ཚོས་ངོས་འཛིན་བྱེད་ཀྱི་འདུག རྒྱ་ནག་དང་ནུབ་ཕྱོགས་དམངས་གཙོ་རྒྱལ་ཁབ་དབར་གྱི་ཕྱི་འབྲེལ་ཇེ་སྡུག་ཏུ་འགྲོ་བའི་དུས་སྐབས་འདིར་བོད་དོན་རྒྱབ་སྐྱོར་འཕར་མ་ཞིག་འཚོལ་རྒྱུའི་གོ་སྐབས་ཤིག་ཡིན་མིན་དང་།དེ་བཞིན་རྒྱལ་སྤྱིའི་སྟེང་བོད་དོན་རྒྱབ་སྐྱོར་དང་གོ་རྟོགས་ལས་འགུལ་ཇི་ལྟར་གོང་མཐོར་དུ་གཏང་དགོས་པའི་སྐོར་དང།བོད་རྒྱ་ཞི་འགྲིག་ཡོང་བར་ནུབ་ཕྱོགས་དམངས་གཙོའི་ཡར་ཐོན་རྒྱལ་ཁབ་ཁག་གིས་རྒྱབ་སྐྱོར་ཐད་རེ་བ་ཇི་ཙམ་བསྐྱང་འོས་པ་ཞིག་ཡིན་མིན་གྱི་སྐོར་།ཁེ་ཎ་ཌ་ན་གནས་བཞུགས་སྲིད་དོན་ཚན་རིག་གི་ཆེད་ལས་པ་དང་དེ་སྔོན་བོད་གཞུང་དཔེ་མཛོད་ཁང་གི་བོད་ཀྱི་དུས་དེབ་ཀྱི་ལག་བསྟར་རྩོམ་སྒྲིག་པ་ཟུར་པ་བསྟན་འཛིན་ཉིན་བྱེད་ལགས་དང་།ཁེ་ཎ་ཌ་བོད་དོན་ལྷན་ཚོགས་ཀྱི་འགན་འཛིན་ཤེས་རབ་མཐར་ཕྱིན་རྣམ་པ་གཉིས་དང་རྩོམ་སྒྲིག་འགན་འཛིན་རྡོ་རྗེ་དགྲ་འདུལ་དབར་བགྲོ་གླེང་བྱེད་པ་ཉན་རོགས་ཞུ།

གསར་འགོད་པ་རྡོ་རྗེ་དགྲ་འདུལ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།