བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་གོམ་བགྲོད་གནང་དགོས་པའི་དམིགས་ཡུལ།

2021.02.24
Share on WhatsApp
Share on WhatsApp
བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་གོམ་བགྲོད་གནང་དགོས་པའི་དམིགས་ཡུལ། བཙན་བྱོལ་ནང་གི་ཚོགས་སྒེར་ཁག་གིས་བོད་དོན་ལས་འགུལ་སྤེལ་སྐབས་སུ་གཞིས་ལུས་བོད་མི་ལ་ཤུགས་རྐྱེན་གྱི་སྐོར་གླེང་རྒྱུ།
བསྟན་འཛིན་བརྩོན་འགྲུས།

༄༅།།བོད་རང་བཙན་ལས་འགུལ་བ་བསྟན་འཛིན་བརྩོན་འགྲུས་ཀྱིས་རྒྱ་གར་རྡ་རམ་ས་ནས་ལྡི་ལི་བར་ཟླ་བ་གཅིག་གི་རིང་ཀི་ལོ་མི་ཊར་༥༠༠ཙམ་གྱི་གོམ་བགྲོད་འགོ་འཛུགས་ནས་ཉིན་བཅུ་གྲང་ཙམ་ཕྱིན་ཡོད།དེ་རིང་ཁ་བའི་གྲོས་རྭ་ལེ་ཚན་ནང་ཁོང་གི་ལས་འགུལ་དེའི་དམིགས་ཡུལ་ངོ་སྤྲོད་དང་རྒྱ་གར་གྱི་ས་གནས་བརྒྱུད་ལམ་ཁག་གིས་ཁོང་གི་ལས་འགུལ་ཐད་དོ་སྣང་།དེ་བཞིན་རྒྱ་གར་ས་གནས་མི་དམངས་ཀྱིས་རྒྱབ་སྐྱོར་ཇི་ལྟར་གནང་གི་ཡོད་མེད་སོགས་ཀྱི་སྐོར་གླེང་བ་དང་།གཞན་ཡང་ཉེ་ལམ་བོད་མི་སྒེར་པ་རེ་ཟུང་གིས་ནུབ་ཕྱོགས་ཡུལ་གྲུ་སོགས་ནང་བོད་དོན་ལས་འགུལ་བསྟུན་མར་སྤེལ་བས་ཕན་ནུས་དང་།ལྷག་པར་དུ་གཞིས་ལུས་བོད་མི་ལ་ཤུགས་རྐྱེན་སོགས་ཀྱི་སྐོར་བསྟན་འཛིན་བརྩོན་འགྲུས་དང་སུད་སི་ནས་ཛ་བཀྲ་ཤིས་རྣམ་པ་གཉིས་པ་རྩོམ་སྒྲིག་འགན་འཛིན་རྡོ་རྗེ་དགྲ་འདུལ་གྱིས་ཁ་བརྡ་བྱས་པ་ཉན་རོགས་ཞུ།

གསར་འགོད་པ་རྡོ་རྗེ་དགྲ་འདུལ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།