ཀྲོའུ་ཡུང་ཁང་བཟང་བཙོན་ལ་བཅུག་འདུག


2013.12.11
རྒྱ་ནག་དབུས་ཆབ་སྲིད་སྡེ་ཚན་གྱི་རྒྱུན་ལས་ཟུར་པ་ཀྲོའུ་ཡུང་ཁང་། ཀྲོའུ་ཡུང་ཁང་
པར། AFP

རྒྱ་ནག་དབུས་ཆབ་སྲིད་སྡེ་ཚན་གྱི་རྒྱུན་ལས་ཟུར་པ་ཀྲོའུ་ཡུང་ཁང་ལྐོག་ཟ་རུལ་སུངས་ཀྱི་དོགས་གཞིའི་འོག་བཟང་བཙོན་ལ་བཅུག་འདུག

དེ་ཡང་འདས་པའི་ལོ་ངོ་བཅུ་ཕྲག་ཅིག་རིང་རྒྱ་ནག་གུང་ཁྲན་ཏང་གི་ཆབ་སྲིད་རྒྱུན་ལས་ཟུར་པ་དང་། དབང་ཤུགས་ཆེ་བའི་ཆེས་མཐོའི་འགོ་ཁྲིད་གྲས་ཀྲོའུ་ཡུང་ཁང་གིས་ལྐོག་ཟ་རུལ་སུངས་བྱས་བའི་གྱོད་དོན་ཐད་རྟོག་ཞིབ་བྱེད་ཆེད་ད་ཆ་ཁོང་བཟང་བཙོན་འོག་བཞག་ཡོད་པ་རུཡེ་ཊར་གསར་ལས་ཁང་གིས་གནས་ཚུལ་སྤེལ་ཡོང་པ་རེད། ཀྲོའུ་ཡུང་ཁང་ནི་ ༡༩༤༩ལོར་རྒྱ་ནག་ནང་དམར་ཤོག་ཚོགས་པས་དབང་ཆ་བཟུང་བ་ནས་བཟུང་ལྐོག་ཟ་རུལ་སུངས་ཀྱི་ནག་ཉེས་ཕོག་པའི་རྒྱ་ནག་གི་དཔོན་རིགས་མཐོ་ཤོས་དེ་ཆགས་ཀྱི་ཡོད་པ་རེད།  ཉེ་ལམ་ཕྱི་ཟླ་༡༡པའི་ཟླ་མཇུག་གམ་ཡང་ན་༡༢པའི་འགོ་སྟོད་གསར་འཛུགས་བྱས་པའི་དམིགས་བསལ་ལས་དོན་རུ་ཁག་ལ་རྒྱ་ནག་གི་སྲིད་འཛིན་Xi Jinping གིས་ཀྲོའུ་ཡུང་ཁང་ལ་ལྐོག་ཟ་རུལ་སུངས་ཀྱི་ཉེས་འཛུགས་བྱསཔའི་གནད་དོན་ཁག་ལ་ཞིབ་འཇུག་བྱེད་དགོས་རྒྱུའི་བཀོད་ཁྱབ་བཏང་བ་ཡིན་པ་དང་། Xi Jinping ལོ་གཅིག་ལྷག་ཙམ་གྱི་གོང་ལ་དམར་ཤོག་ཚོགས་པའི་འགོ་ཁྲིད་ལ་འཁོད་པ་དང༌། ཕྱི་ཟླ་གསུམ་པའི་ནང་རྒྱ་ནག་གི་སྲིད་འཛིན་ལ་བསྐོ་གཞག་བྱུང་བའི་རྗེས། ད་རེས་ཀྲུའུ་ལ་ལྐོག་ཟ་རུལ་སུངས་ཀྱི་གནད་དོན་ཐོག་རྟོག་ཞིབ་བྱ་རྒྱུའི་བཀའ་བཏང་བ་དེ་ནི།  Xi Jinping གི་དབང་ཚད་ཆེ་རུ་འགྲོ་གི་ཡོད་པའི་རྟགས་མཚན་ཞིག་ཡིན་པ་མ་ཟད། རྒྱ་ནག་དམར་ཤོག་ཚོགས་པའི་དབུས་རྒྱུན་ལས་ཀྱི་ཚོགས་མི་རྣམས་རྒས་ཡོལ་ཕྱིན་པའི་རྗེས་རྟོག་ཞིབ་བྱེད་སྲོལ་མེད་པའི་ལམ་ལུགས་དེའང་སྲིད་འཛིན་Xi Jinping གིས་མེད་པར་བཟོས་པ་ཞིག་མངོན་གྱི་ཡོད་པ་རེད།

ད་རེས་ཀྲུའུ་ཡུང་ཁང་ལ་ལྐོག་ཟ་རུལ་སུངས་གི་སྐྱོན་འཛུགས་དང་། དེའི་ཐད་རྟོག་ཞིབ་འགོ་

འཛུགས་བྱས་པ་དེས།  རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་མི་ས་ཡ་༨༠དང༌། ཡང་རྒས་ཡོལ་བྱས་ཟིན་པའིོ་རྒྱ་ནག་གི་འགོ་ཁྲིད་ཟུར་པ་ཚོའི་སེམས་ནང་འཇིགས་སྣང་གསར་པ་ཞིག་སླེབས་རྒྱུ་དང༌།  ཆབ་སྲིད་ཀྱི་འགལ་ཟླ་ཡོད་མཁན་ཤོག་ཁག་དབར་ནང་ཁུལ་འཐབ་འཛིང་རྣོ་ངར་ཆེ་རུ་འགྲོ་རྒྱུ་ཡིན་སྐོར་གནད་དོན་དབྱེ་ཞིབ་པ་ཚོས་ཚོད་དཔག་གནང་འདུག

གསར་འགོད་པ་རིག་ལྡན་སྒྲོལ་མ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་བོད་དོན་ཁྲིམས་འཆར་ལ་སྲིད་འཛིན་གྱི་མཚན་རྟགས་ཞུ་ཆེད་སྲིད་འཛིན་ལས་ཁུངས་སུ་འགོད་འབུལ་ཞུས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎