རྒྱ་ནག་ཁ་སྐྱེངས་པོ་བཟོས་ཡོད་འདུག


2013.10.31
གནམ་བདེ་སྒོ་མོ་ཆེ་མདུན་ཐང་དུ་དོན་རྐྱེན་བྱུང་བའི་འདྲ་པར། གནམ་བདེ་སྒོ་མོ་ཆེ་མདུན་ཐང་དུ་དོན་རྐྱེན་བྱུང་འདུག
པར། AFP

གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་ཐོག་གི་དོན་རྐྱེན་དེས་རྒྱ་ནག་གི་སྲུང་སྐྱོབ་བྱེད་སྒོ་འཐུས་གཙང་མེད་པའི་རྣམ་པ་ཐོནཔ་དང་། ཡུ་གུར་བར་སྐྱོན་བརྗོད།

དེ་ཡང་གནས་ཚུལ་ལྟར་ན། མི་འབོར་ཐེར་འབུམ་གཅིག་དང་དུང་ཕྱུར་གསུམ་ལྷག་ཡོད་པའི་རྒྱ་ནག་དམར་པོའི་གཞུང་གིས། རྒྱལ་ནང་སྲུང་སྐྱོབ་ཁོ་ནའི་ཆེད་འགྲོ་སོང་འབོར་ཆེན་གཏོང་གི་ཡོད་པ་དེ་དམག་དོན་འགྲོ་སོང་ལས་ཆེ་བ་ཡིན་པ་རེད། གནམ་བདེ་སྒོ་མོ་ཆེ་ནི་ཕྱི་ལོ་༡༩༨༩ལོའི་དམངས་གཙོའི་གྱེན་ལངས་གཙོས་པའི་དབང་ཆ་གཅིག་སྡུད་ཀྱི་གཞུང་ལ་ངོ་རྒོལ་དང་། རྔམ་སྟོན་ཆེ་ཆུང་སྣ་ཚོགས་སྤེལ་ཡུལ་གྱི་ལྟེ་བ་ཞིག་ཏུ་གྱུར་ཡོད་སྐབས་ཉིན་མཚན་ཀུན་ཏུ་སྲུང་སྐྱོབ་ཧ་ཅང་དམ་བསྒྲགས་ཡོད་ཀྱང་། ད་ཐེངས་ཀྱི་དོན་རྐྱེན་དེས་རྒྱ་ནག་གི་དབུ་ཁྲིད་ཚོར་ཞེད་སྣང་དང་། བློ་འཚབ། ལྷག་པར་ཁ་སྐྱེངས་པོ་བཟོས་ཡོད་ལུགས་ཧོང་ཀོང་གི་རྒྱ་ནག་གཙུག་ལག་སློབ་གྲ་ཆེན་མོའི་ཉམས་ཞིབ་པ་ཝི་ལི་ལམ་Willy Lam གྱིས་འགྲེལ་བརྗོད་གནང་འདུག།

ཡང་གལ་སྲིད་རྒྱ་ནག་གི་སྲུང་སྐྱོབ་ལས་ཁུངས་ཀྱིས་གནམ་བདེ་སྒོ་མོ་ཆེ་སྲུང་སྐྱོབ་བྱེད་ཐུབ་ཀྱི་མེད་ན། རྒྱ་ནག་རྒྱལ་ཡོངས་སྲུང་སྐྱོབ་ཐུབ་ཀྱི་མེད་པ་མཚོན་གྱི་ཡོད་པ་དེ་གདོང་ལེན་བྱེད་དགོས་པ་ཆགས་ཡོད་ལུགས་ཧོང་ཀོང་གི་ཉེན་སྲུང་སྤྱི་ཁྱབ་པ་དང་། དེང་སང་ཨ་མི་རི་ཀའི་ཛེ་ཝིའརXavierགཙུག་ལག་སློབ་གྲ་ཆེན་མོའི་སྐུ་ཞབས་Kam C. Wongགིས་འགྲེལ་བརྗོད་གནང་འདུག

དེ་བཞིན་ད་ཐེངས་ཀྱི་དོན་རྐྱེན་དང་འབྲེལ། པེ་ཅིང་ཁུལ་ནས་ཡུ་གུར་བ་ལྔ་འཛིན་བཟུང་བྱས་བ་དང་མཉམ། དོན་རྐྱེན་དེ་བཞིན་ཡུ་གུར་འཇིགས་སྐུལ་དྲག་སྤྱོད་ཚོགས་ཁག་གིས་གཏོར་རྒོལ་བྱས་བ་ཡིན་པ་རྒྱ་ནག་གིས་གསལ་བསྒྲགས་བྱས་པ་དང་། དེ་ཡུ་གུར་བ་ཚོས་ངོས་ལེན་མ་བྱས་ཐོག སྐྱོན་འཛུགས་དེ་ནི་ཡུ་གུར་གྲངས་ཉུང་མི་རིགས་ཐོག་དྲག་གནོན་དང་དམ་བསྒྲཌ་ཆེ་རུ་གཏོང་ཆེད་མ་ཉེས་ཁ་གཡོག་ཡིན་པར་སྐྱོན་བརྗོད་བྱེད་བཞིན་འདུག

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎