དབྱིན་ཇིའི་རྒྱལ་ས་ལོན་ཌོན་ནང་རྒྱ་ནག་གི་གཞུང་ཚབ་ལས་ཁང་གསར་རྒྱག་གི་ལས་འཆར།
དབྱིན་ཇིའི་རྒྱལ་ས་ལོན་ཌོན་ནང་གི་ Royal Mint Court ཞེས་པའི་ས་གནས་སུ་རྒྱ་ནག་གི་གཞུང་ཚབ་ལས་ཁང་ཆེན་པོ་ཞིག་གསར་རྒྱག་བྱ་རྒྱུའི་འཆར་གཞི་ཡོད་པ་དེར་ཕྱི་ལོ་ ༢༠༢༥ ཟླ་ ༢ ཚེས་ ༨ རེས་གཟའ་སྤེན་པའི་ཉིན་བོད་མི་དང་། ཤར་ཏུར་ཀིསི་ཐཱན་གྱི་ཡུ་གུར་མི་རིགས། ཧོང་ཀོང་ལས་འགུལ་བ། ཐེ་ཝན་ནས་རྒྱ་རིགས་ལས་འགུལ་བ། དེ་བཞིན་རྒྱ་ནག་སྐམ་ས་ནས་ཡིན་པའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་རྒྱ་མི་རིགས་ཀྱི་ཚོགས་མི་བཅས་ཁྱོན་མི་གྲངས་བཞི་སྟོང་ཙམ་འདུ་འཛོམས་ཀྱིས་གཞི་རྒྱ་ཆེ་བའི་ངོ་རྒོལ་གྱི་ལས་འགུལ་སྤེལ་བ་དང་། ཕྱི་ཟླ་ ༢ ཚེས་ ༡༡ ནས་ཚེས་ ༡༨ བར་དབྱིན་ཇིའི་དབུས་གཞུང་གིས་དམིགས་འཛུགས་བྱས་པའི་ཞིབ་འཇུག་གི་ལས་དོན་གནང་སྟེ་ཐག་གཅོད་གནང་རྒྱུ་ཡིན་འདུག གནད་དོན་གླེང་མོལ་གྱི་ལས་རིམ་ནང་། བོད་དང་བཙན་གནོན་འོག་གི་མི་རིཊ་ཀྱི་གོ་ལའི་མནའ་འབྲེལ་ཚོགས་པའི་ཚོགས་གཙོ་ཚེ་རིང་པ་སངས་ལགས་དང་ལྷན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་འགན་འཛིན་གཞོན་པ་བཀྲིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་གནང་།
གསར་འགོད་པ། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། བསྟན་འཛིན་བདེ་སྐྱིད།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།