བཙོན་པའི་ལུས་པོའི་ནང་ཁྲོལ་བཙན་དབང་ཐོག་ནས་ལྐོག་ཚོང་།

2021-06-26
Share
བཙོན་པའི་ལུས་པོའི་ནང་ཁྲོལ་བཙན་དབང་ཐོག་ནས་ལྐོག་ཚོང་། Safeguard Defenders ཞེས་པའི་ཚོགས་པས་རྒྱ་ནག་གཞུང་གིས་གྲངས་ཉུང་བཙོན་པའི་ལུས་པོའི་ནང་ཁྲོལ་བཙན་དབང་ཐོག་ནས་ལྐོག་ཚོང་བྱེད་པ་ར་ཕྲོད་བྱུང་བའི་གསལ་བསྒྲགས་གནང་བ།
Safeguard Defenders

Safeguard Defenders ཞེས་པའི་ལྷོ་ཤར་ཨེ་ཤེ་ཡའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབས་ཚོགས་པས་ཕྱི་ཟླ་ ༦ ཚེས་ ༢༡ ཉིན་རྒྱ་ནག་གི་ནང་སྒེར་གྱི་བཙོན་ཁང་ལྟ་བུའི་དམིགས་བཀར་སྡོད་ཁྱིམ་རྟོགས་ཞིབ་ཁང་ཁག་ནང་གང་བྱུང་དོ་དམ་འཛིན་བཟུང་དང་བཀག་ཉར།  དྲིས་རྩད་དང་མནར་གཅོད་གཏོང་ཚུལ་གྱི་ཟིན་ཐོ་དང་ལོ་རྒྱུས་མང་པོ་ཕྱོགས་བསྡུས་བྱེད་པའི་སྙན་ཐོ་ཞིག་བཏོན་པ་དང་། དེ་བཞིན་རྒྱལ་ཚོགས་ཀྱི་རྟོག་ཞིབ་སྐུ་ཚབ་ ༡༠ ཡིས་བོད་དང་རྒྱ་ནག་ནང་མི་རིགས་དང་ཆོས་ལུགས་ཀྱི་གྲངས་ཉུང་བཙོན་པའི་ལུས་པོའི་ནང་ཁྲོལ་བཙན་དབང་ཐོག་ནས་ལྐོག་ཚོང་བྱེད་པ་ར་ཕྲོད་བྱུང་བའི་ཡོངས་ཁྱབ་གསལ་བསྒྲགས་གནང་བ་སོགས་བྱུང་ཡོད་པ་བཞིན། བོད་ནང་དུ་གང་བྱུང་འཛིན་བཟུང་དང་རྒྱ་ནག་རང་ཉིད་ཀྱི་ཁྲིམས་ལུགས་དང་མི་མཐུན་པའི་ཐོག་ནས་སྒེར་གྱི་མགྲོན་ཁང་སོགས་ནང་བཀག་ཉར་དང་དྲིས་ཞིབ་བྱེད་པའི་ལམ་ལུགས་འདི་བོད་ནང་སྔ་མོ་ ༡༩༩༠ གོ་གྲངས་ནང་བྱུང་ཡོད་པ་ཆབ་སྲིད་བཙོན་ཟུར་འཇམ་དཔལ་སྨོན་ལམ་ལགས་རང་ཉིད་ཀྱི་མི་ཚེའི་མྱོང་བའི་ཐོག་ནས་འདི་ག་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་ཡོད་པ་རེད། གཤམ་ལ་འཇམ་དཔལ་སྨོན་ལམ་ལགས་སུ་འདི་གའི་གསར་འགོད་པ་བཀྲིས་དབང་ཕྱུག་ལགས་ཀྱིས་བཀའ་དྲི་གླེང་མོལ་ཞུས་པའི་ལས་རིམ་ལ་གསན་རོགས་ཞུ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།