མར་མེ་ཁྲོམ་སྐོར་གྱི་ལས་འགུལ།

བཞུགས་སྒར་དུ་ཀརྟི་དགོན་པའི་དགེ་འདུན་པ་གཉིས་ལ་གདུང་སེམས་མཉམ་སྐྱེད་མཚོན་ཆེད་དུ་མར་མེའི་ཁྲོམ་སྐོར་སྤེལ་བ།

0:00 / 0:00

གསར་འགྱུར་ལ་གསན་རོགས།

༄༅༎ཉེ་ཆར་བོད་ཨ་མདོ་རྔ་བ་ཀརྟི་དགོན་པའི་དགེ་འདུན་པ་གཉིས་ཀྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་མཚོན་ཆེད་དུ་རང་ལུས་མེར་བསྲེགས་བཏང་བར་བརྟེན། ཕྱི་ཟླ་ ༩ ཚེས་ ༢༦ ཉིན། བཙན་བྱོལ་བོད་མིའི་ལྟེ་གནས་བཞུགས་སྒར་རྡ་རམ་ས་ལར་བོད་མི་ཚོས་ཁོང་གཉིས་ལ་གདུང་སེམས་མཉམ་སྐྱེད་མཚོན་ཆེད་དུ་མར་མེ་ཁྲོམ་སྐོར་གྱི་ལས་འགུལ་ཞིག་སྤེལ་ཡོད་པའི་སྐོར། འདི་གའི་གསར་འགོད་པ་དོན་གྲུབ་རྡོ་རྗེ་ལགས་ཀྱིས་ས་གནས་ས་ཐོག་ནས་བཏང་འབྱོར་བྱུང་བའི་གནས་ཚུལ་ཞིག་ལ་གསན་རོགས་ཞུ༎