ངག་ཆུང་ལ་་ལོ་དྲུག་བཙོན་འཇུག

རྒྱ་གཞུང་གིས་གསེར་རྟ་ནང་བསྟན་སློབ་གཉེར་ཁང་གི་འགན་འཛིན་གྲས་ཡིན་པ་གྲྭ་ངག་ཆུང་ལགས་བཙོན་འཇུག

0:00 / 0:00

གསར་འགྱུར་ལ་གསན་རོགས།

༄༅༎བོད་ནང་བོད་ལུགས་ནང་པ་སངས་རྒྱས་པའི་རིས་མེད་ཆོས་བརྒྱུད་ཁག་གི་སློབ་གཉེར་གནང་ཡུལ་གཙོ་བོའི་གྲས།སེར་རྟ་ནང་བསྟན་སློབ་གཉེར་ཁང་གི་མཁན་ཆེན་ཞིང་གཤེགས་འཇིགས་མེད་ཕུན་ཚོགས་ཀྱི་སྐུའི་ཚ་བོ་དང་།ནང་བསྟན་སློབ་གཉེར་ཁང་དེའི་བཟང་སྤྱོད་ལས་ཁང་གི་འགན་འཛིན་སྐུ་ཞབས་ངག་ཆུང་ལགས་སུ།རྒྱ་ནག་གཞུང་གིས་རྒྱལ་ཁབ་ཀྱི་གསང་བ་ཕྱིར་བསྒྲགས་བྱས་པའི་ཉེས་དམིགས་བཙུགས་ཏེ་ལོ་དྲུག་གི་རིང་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པའི་སྐོར།མིང་འདོན་གནང་འདོད་མེད་པའི་འབྲེལ་ཡོད་བོད་མི་ཞིག་གིས།ཕྱི་ཚེས་ཉི་ཤུ་དྲུག་གི་ཉིན་འདི་གའི་གསར་འགོད་པ་དོན་གྲུབ་རྡོ་རྗེ་ལགས་སུ་གནས་ཚུལ་ངོ་སྤྲོད་གནང་བར་གསན་རོགས༎