0:00 / 0:00
༄༅༎ཡོ་རོབ་མཐུན་ཚོགས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་བོད་ཀྱི་རྒྱལ་ས་ལྷ་ས་དང་བཙན་བྱོལ་བོད་མིའི་ལྟེ་གནས་བཞུགས་སྒར་རྡ་རམ་ས་ལར་འཚམས་འདྲི་གཟིགས་སྐོར་གནང་བའི་རྗེས།ཕྱི་ཟླ་བཅུ་པའི་ཚེས་བཅུ་བཞིའི་ཉིན།བཞུགས་སྒར་རྡ་རམ་ས་ལར་ཕྱི་ནང་གསར་འགོད་པའི་ལྷན་ཚོགས་ཤིག་བསྐོང་ཚོགས་གནང་སྟེ།ས་ཁུལ་དེ་གཉིས་ནང་འཚམས་འདྲི་གཟིགས་སྐོར་གནང་བའི་གཟིགས་ཚུལ་ངོ་སྤྲོད་གནང་ཡོད་པའི་སྐོར།འདི་གའི་གསར་འགོད་པ་དོན་གྲུབ་རྡོ་རྗེ་ལགས་ཀྱིས།བཞུགས་སྒར་རྡ་རམ་ས་ལ་ནས་བཏང་འབྱོར་བྱུང་བའི་གནས་ཚུལ་ཞིག་ལ་གསན་རོགས༎
