བཀའ་ཁྲི་མཆོག་གི་ཆིབས་བསྒྱུར།

ཨ་རིའི་རྒྱལ་སའི་ཁུལ་གྱི་བོད་མི་རྣམས་ལ་བོད་རྒྱའི་འབྲེལ་ལམ་དང་བོད་ཀྱི་སྐད་ཡིག་དང་ལེགས་སྦྱང་འཛིན་སྤེལ་གྱི་བཀའ་སློབ་བསྩལ།

0:00 / 0:00

༄༅༎ཕྱི་ཟླ་བཞི་པའི་ཚེས་བཅུ་དགུ་རེས་གཟའ་ཉི་མའི་ཉིན་གུང་བཙན་བྱོལ་བོད་གཞུང་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་ཨ་མེ་རི་ཀའི་རྒྱལ་ས་ཝ་ཤིང་ཀྲོན་དུ་རྒྱལ་དོན་འཚམས་གཟིགས་སུ་ཕེབས་པ་སྟབས་བསྟུན་ནས་རྒྱལ་སའི་ཁུལ་དུ་གནས་འཁོད་བོད་མི་རྣམས་ལ་བཀའ་སློབ་བཀའ་དྲིན་བསྩལ་བའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་འཆི་མེད་ལྷུན་གྲུབ་ལགས་ནས་ངོ་སྤྲོད་གནང་བར་གསན་རོགས་ཞུ༎