༸གོང་ས་མཆོག་ཕ་རེན་སིའི་ནནྟ་ཁུལ་དུ་མཛད་འཕྲིན་སྐྱོ་བཞིན་པ།

ནནྟ་གྲོང་ཁྱེར་སྤྱི་ཁྱབ་ནས་༸གོང་ས་མཆོག་ལ་ཕེབས་བསུ་ཞུས་པ།

0:00 / 0:00

གསར་འགྱུར་ལ་གསན།

༄༅༎བོད་མིའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཡོ་རོབ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཡུལ་གྲུ་ཕ་རེནས྄་ནང་ཆིབས་བསྒྱུར་སྐྱོང་བཞིན་ཡོད་ཅིང་དེ་རིང་ཕྱི་ཟླ་བརྒྱད་པའི་ཚེས་བཅུ་དགུའི་ཉིན་ནནྟ་གྲོང་ཁྱེར་གྱི་སྤྱི་ཁྱབས་སྐུ་ཞབས་ཇན་མར྄ཀ་ཨ་ཡོལ་མཆོག་ནས་༸གོང་ས་མཆོག་ལ་ཕེབས་བསུའི་སྣེ་ལེན་ཞུས་ཡོད་པའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་དོན་གྲུབ་རྡོ་རྗེ་ལགས་ནས་ནནྟ་གྲོང་ཁྱེར་ནས་བཏང་འབྱོར་བྱུང་བའི་གནས་ཚུལ་ལ་གསན་རོགས་གནང༌༎