བཞུགས་སྒར་དུ་མྱ་ངན་མཆོད་འབུལ།

སྐྱབས་རྗེ་ཁལ་ཁ་རྗེ་བཙུན་རིན་པོ་ཆེ་མཆོག་དགོངས་པ་གཞན་དོན་དུ་གཤེགས་པར་བརྟེན་བཞུགས་སྒར་དུ་མྱ་ངན་མཆོད་འབུལ།

0:00 / 0:00

གསར་འགྱུར་ལ་གསན་རོགས།

༄༅༎སོག་ཡུལ་གྱི་ཆོས་ཕྱོགས་ཀྱི་དབུ་བླ་ཁལ་ཁ་རྗེ་བཙུན་དམ་པ་སྐུ་ཐོག་དགུ་པ་འཇམ་དཔལ་རྣམ་གྲོལ་ཆོས་ཀྱི་རྒྱལ་མཚན་རིན་པོ་ཆེ་མཆོག། བོད་ཟླ་ ༡ ཚེས་ ༨ ཕྱི་ཟླ་ ༣ ཚེས་ ༡ ཀྱི་སོག་ཡུལ་གྱི་སྔ་དྲོའི་ཆུ་ཚོད་ ༨ དང་ སྐར་མ་ ༤༥ ཐོག་དགོངས་པ་གཞན་དོན་དུ་གཤེགས་པར་བརྟེན། ཟླ་འདིའི་ཕྱི་ཚེས་ ༣ ཉིན། བཙན་བྱོལ་བོད་མིའི་ལྟེ་གནས་བཞུགས་སྒར་རྡ་རམ་ས་ལར་བོད་མིའི་དབུས་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པས་དབུས་གཞུང་ཞབས་སྲི་ཞུ་བ་ཡོངས་ནས་མྱ་ངན་མཆོད་འབུལ་རྒྱ་ཆེ་ཞིག་གནང་ཡོད་པའི་སྐོར། འདི་གའི་གསར་འགོད་པ་དོན་གྲུབ་རྡོ་རྗེ་ལགས་ཀྱིས་གནས་ཚུལ་ཕྱོགས་སྒྲིག་དང་སྙན་སྒྲོན་ཞུས་པར་གསན་རོགས་ཞུ༎