སུད་སི་ནང་ལོ་ལྔ་བཅུ་འཁོར་བ།

སུད་སི་གཞུང་འབྲེལ་བློན་ཆེན་ཐུགས་རྗེ་ཆེ་ཞུའི་མཛད་སྒོར་མ་ཕེབས་པར་བོད་མི་ཚོས་བློ་ཕམ་གནང་བའི་གནས་ཚུལ།

0:00 / 0:00

གསར་འགྱུར་ལ་གསན་རོགས།

༄༅༎ཕྱི་ཟླ་གསུམ་པའི་ཚེས་ཉེར་གསུམ་རེས་གཟའ་མིག་དམར་གྱི་ཉིན་སུད་སི་ནང་བཅའ་བཞུགས་བོད་མི་རྣམས་ནས་སུད་སི་བོད་མི་སྐྱབས་བཅོལ་བ་འབྱོར་ནས་མི་ལོ་ལྔ་བཅུ་འཁོར་བའི་དུས་ཆེན་སྐབས་སུད་སི་གཞུང་དམངས་ལ་ཐུགས་རྗེ་ཞུའི་མཛད་སྒོ་ཞིག་གོ་སྒྲིག་ཞུས་ནས་སུད་སིའི་བློན་ཆེན་རྣམས་གདན་འདྲེན་ཞུས་ཡོད་ཀྱང་བློན་ཆེན་རྣམས་ནས་མཉམ་ཞུགས་གནང་བར་མ་ཕེབས་པར་བོད་མི་རྣམས་ནས་བློ་ཕམ་ཡོད་པའི་འཕྲིན་ཡིག་ཅིག་ཕུལ་ཡོད་པའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་རབ་སྒང་ཚེ་རིང་ཕུན་ཚོགས་ལགས་ནས་གནས་ཚུལ་བཏང་འབྱོར་བྱུང་བར་གསན་རོགས༎