0:00 / 0:00
༄༅༎ཕྱི་ཟླ་དྲུག་པའི་ཚེས་བཞི་རེས་གཟའ་པ་སངས་ཀྱི་ཉིན། བཞུགས་སྒར་དུ་རྒྱལ་སྤྱིའི་སློབ་ཕྲུག་བོད་རང་བཙན་ཚོགས་པའི་རྒྱ་གར་ཡན་ལག་ཚོགས་པ་དང༌བོད་དོན་གླེང་བ་ཞེས་པའི་ཐུན་མོང་ཐོག་ནས། རྒྱ་གཞུང་གིས་རྒྱལ་ས་པེ་ཅིང་གི་གནམ་སྡེ་སྒོ་མོ་ཆེའི་ཐང་ཆེན་དུ་སློབ་ཕྲུག་གི་ཞི་བའི་ངོ་རྒོལ་ཐོག་དྲག་གནོན་བྱས་ཏེ་སློབ་ཕྲུག་སྟོང་ཕྲག་མང་པོའི་ཚེ་སྲོག་ཤོར་བའི་དོན་རྐྱེན་བྱུང་ནས་ལོ་ངོ་ཉི་ཤུ་རྩ་གཅིག་འཁོར་བའི་དུས་དྲན་སྲུང་བརྩི་ཞུས་ཡོད་པའི་སྐོར། འདི་གའི་གསར་འགོད་པ་དོན་གྲུབ་རྡོ་རྗེ་ལགས་ཀྱིས་ས་གནས་ས་ཐོག་ནས་བཏང་བའི་གནས་ཚུལ་ཞིག་ལ་གསན་རོགས༎
