0:00 / 0:00
༄༅༎ཕྱི་ཟླ་བདུན་པའི་ཚེས་བཅུ་བཞི་རེས་གཟའ་མིག་དམར་གྱི་ཉིན་བལ་ཡུལ་ནང་རྟེན་གཞི་བྱས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་མདུན་བོད་མི་ན་གཞོནཁག་ཅིག་ནས་བོད་དོན་ལ་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་གྱི་སྐད་འབོད་བྱས་སྐབས་ས་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་པའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་ཐུབ་བསྟན་སངས་རྒྱས་ལགས་ནས་གནས་ཚུལ་བཏང་འབྱོར་བྱུང་བར་གསན་རོགས༎
