གཟུགས་གཞི་ཇེ་སྡུག་ལ་སོང་རྗེས་ནང་མིར་རྩིས་སྤྲོད།

མདོ་སྨད་འབའ་རྗོང་ཏུ་རྒྱ་གཞུང་ལ་ངོ་རྒོལ་སྐབས་རྨས་སྐྱོན་ཕོག་པའི་གཞོན་སྐྱེས་རྒྱ་རིགས་ཐར་གྱི་སྐུ་གཟུགས་གནས་སྟངས་ཇེ་སྡུག་ལ་སོང་རྗེས་གློ་བུར་རྒྱ་ནག་གི་འབྲེལ་ཡོད་ཚན་པས་ཁོང་ནང་མིར་རྩིས་སྤྲོད་བྱས་འདུག

2012.08.21

དེ་ཡང་བོད་མི་ཞིག་གིས་འདི་གའི་གསར་ཁང་ལ་བརྗོད་དོན། རྒྱ་ནག་གིས་རྨས་སྐྱོན་བཏང་བའི་བོད་རིགས་ནད་པ་རྒྱ་རིགས་ཐར་ལགས་ཀྱི་གྱོད་གཞིའི་ཐད་རྒྱ་སྒོར་ཁྲི་ ༢༥་ དང་། ཁང་པ་ མི་ཌར་གྲུ་བཞི་མ་ ༡༢༠་ ཡོད་པ་ཞིག་སྤྲད་ནས་ནང་མིར་རྩིས་སྤྲོད་བྱས་ཡོད་པ་དང་། ཁོང་གི་སྨན་བཅོས་ཀྱི་ཆེད་དུ་རྒྱ་གཞུང་གིས་འགྲོ་སོང་གཏོང་རྒྱུའི་ཁས་ལེན་གྱི་ཐོག་ནས་གྱོད་གཞི་ཐག་བཅད་ཡོད་འདུག། དེ་ནི་རྒྱ་ནག་གི་དམ་བསྒྲཌ་འོག་ཁོང་སྨན་ཁང་ནང་དུ་ཟླ་བ་ལྔ་ལྷག་ཙམ་བསྡད་པའི་རིང་རྒྱ་རི་ཐར་ལགས་ཀྱི་སྐུ་གཟུགས་ཀྱི་གནས་སྟངས་ཇེ་ཞན་དུ་གྱུར་ནས་ད་ཆ་གསོན་གནས་ཐུབ་རྒྱུ་ཁག་པོའི་གནས་སྟངས་སུ་ལྷུངས་ཡོད་པ་དང་། དེ་མ་ཐག་ནང་མིར་རྩིས་སྤྲོད་བྱས་བ་ཡིན་པ་ཚོད་དཔག་བྱེད་བཞིན་པ་རེད།

དེ་ཙ་ན་ཟླ་གསུམ་པའི་ཚེས་ ༡༥་  ཉིན་འབའ་ཤང་ཁྲི་དགོན་པའི་དགེ་འདུན་པ་ལྔ་བཅུ་ཙམ་གྱིས་འབའ་རྗོང་སྲིད་གཞུང་གི་སྒོ་འགྲམ་དུ་༧གོང་ས་མཆོག་གི་སྐུ་པར་གདན་འདྲེན་ཞུས་ནས་ངོ་རྒོལ་བྱེད་སྐབས་ཉེན་རྟོག་དམག་གིས་འབར་རྫས་གཡུག་ནས་རྒྱ་རིགས་ཐར་ལ་རྨས་སྐྱོན་ཚབ་ཆེན་ཕོག་པ་ཡིན་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་ནག་གཞུང་གིས་གྲོས་མོལ་སྒོ་ཕྱེ་ཡོད་ཚེ་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་གྲོས་མོལ་བྱེད་དགོས་བ་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པས་ལན་འདེབས་གནང་བྱུང་།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཀའ་བློན་ཁྲི་ཟུར་རྒྱལ་ལོ་དོན་གྲུབ་མཆོག་དགོངས་རྫོགས་ལ་མྱ་ངན་དང་ཁོང་གི་མཛད་རྗེས་གླེང་མཁན་མང་པོ་ཡོང་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎