ཉི་ཧོང་དང་ར་ཤི་ཡའི་བདེ་སྲུང་བློན་ཆེན་རྣམ་པའི་ལྷན་ཚོཊ།


2013-11-02
Share
 ཉི་ཧོང་དང་ར་ཤི་ཡའི་བདེ་སྲུང་བློན་ཆེན་རྣམ་པའི་ལྷན་ཚོཊ་ཐེངས་དང་པོ། ཉེ་ཧོང་དང་ར་ཤི་ཡའི་བདེ་སྲུང་དང་ཕྱི་སྲིད་བློན་ཆེན་རྣམ་པའི་ཟུང་འབྲེལ་གྱི་ལྷན་ཚོགས་ཐེངས་དང་པོ།
ཨེ་ཨེཕ་པི།

༄༅༎གཟའ་སྤེན་པའི་ཉིན་ཉེ་ཧོང་དང་ར་ཤི་ཡའི་བདེ་སྲུང་དང་ཕྱི་སྲིད་བློན་ཆེན་རྣམ་པའི་ཟུང་འབྲེལ་གྱི་ལྷན་ཚོགས་ཐེངས་དང་པོ་དེ་གནང་སྟེ། ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་ཁུལ་གྱི་བདེ་འཇགས་ལས་དོན་ཐད་ཡུལ་གྲུ་གཉིས་དབར་མཉམ་འབྲེལ་གནང་རྒྱུར་མོས་མཐུན་བྱུང་འདུག།  ཉེ་ཧོང་དང་ར་ཤི་ཡ་གཉིས་ཀས་རྒྱ་ནག་གི་སྟོབས་ཤུགས་དང་ཤུགས་རྐྱེན་ཇེ་ཆེར་འགྲོ་བཞིན་པར་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་པ་རེད།  གཞི་རྐང་ཉེ་ཧོང་དང་ར་ཤི་གཉིས་རྒྱལ་ཁབ་ཉེ་འབྲེལ་དེ་ཙམ་མིན་ཞིང་། ཡུལ་གྲུ་གཉིས་དབར་ས་མཚམས་ཀྱི་རྩོད་རྙོིག་ཡོད་སྟབས་འཛམ་གླིང་དམག་ཆེན་གཉིས་པའི་རྗེས་ཡུལ་གྲུ་གཉིས་དབར་དམག་ཐག་ཆོད་པའི་གྲོས་མཐུན་ཞིག་ཀྱང་ད་བར་བཞག་མེད་པ་རེད།
ཉེ་ཧོང་གི་ཕྱི་སྲིད་བློན་ཆེན་ ཕྷུ་མི་འོ་ ཀི་ཤི་རྡ་མཆོག་གིས་ ཐེངས་འདིའི་ཕྱི་སྲིད་བློན་ཆེན་རྣམ་པའི་ལྷན་ཚོགས་འདིས་ཉེ་ཧོང་དང་ར་ཤི་ཡའི་དབར་དཔལ་འབྱོར་དང་རིག་གཞུང་བརྗེ་ལེན་སོགས་ཀྱི་གཞི་ཡུལ་ཙམ་མིན་པར་བདེ་འཇགས་གཞི་ཡུལ་གྱི་ཐད་ལ་ཡང་མཉམ་འབྲེལ་གྱི་ནུས་པ་གོང་མཐོར་གཏོང་ཐུབ་པའི་ནུས་པ་ཞིག་ཀྱང་བྱུང་ཡོད་སྟབས། ཡུལ་གྲུ་གཉིས་དབར་གྱི་ཕྱོགས་ཡོངས་ཀྱི་འབྲེལ་ལམ་བཟང་དུ་གཏང་རྒྱུར་ཡང་ཕན་ཐོགས་བྱུང་ཡོད་པ་གསུངས་འདུག།  ཉེ་ཧོང་གི་སྲིད་བློན་ཤིན་ཛོ་ཨ་སྦེ་མཆོག་དང་ར་ཤི་ཡའི་སྲིད་འཛིན་ཝ་ལ་རྡ་མིར་པུ་ཏིན་རྣམ་གཉིས་འདས་པའི་ཟླ་བ་དྲུག་གི་ནང་ཐེངས་མ་བཞི་མཇལ་འཛོམས་གནང་ཡོད་པ་རེད།།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།