ལྕམ་ཨོ་བྷ་མས་ཁྲིན་འདུ་ནས་བོད་ཟས་མཆོད་རྒྱུ་ཡིན་པ།


2014.03.24
ལྕམ་ཨོ་བྷ་མ་རྒྱ་ནག་གི་ཟི་ཁྲོན་ཞིང་ཆེན་ཁྲིན་འདུར་ཡོད་པའི་གཞི་རིམ་སློབ་གྲྭ་ཞིག་གི་ནང་། ༢༠༡༤།༣།༢༥ ལྕམ་ཨོ་བྷ་མ་རྒྱ་ནག་གི་ཟི་ཁྲོན་ཞིང་ཆེན་ཁྲིན་འདུར་ཡོད་པའི་གཞི་རིམ་སློབ་གྲྭ་ཞིག་གི་ནང་། ༢༠༡༤།༣།༢༥
པར། AFP

ཨ་མི་རི་ཀའི་སྲིད་འཛིན་ཨོ་བྷ་མའི་སྐུ་ཟླ་ལྕམ་ཨོ་བྷ་མས་ཁྲིན་འདུ་གྲོང་ཁྱེར་ནས་བོད་ཟས་མཆོད་རྒྱུ་ཡིན་འདུག
རྒྱ་ནག་ནང་དེང་སྐབས་གཟིགས་སྐོར་གནང་བཞིན་པ་ཨ་མི་རི་ཀའི་སྲིད་འཛིན་Barack Obamaའི་སྐུ་ཟླ་ལྕམ་Michelle Obamaད་ཐེངས་ཀྱི་གཟིགས་སྐོར་གཙོ་བོ་སྲིད་དོན་དང་འབྲེལ་བ་མེད་པ་གནང་རྒྱུ་ཡིན་ཡང་། ཁོང་གིས་དེ་རིང་ཚེས༢༥ཉིན་རྒྱ་ནག་གི་ཟི་ཁྲོན་ཞིང་ཆེན་ཁྲིན་འདུར་ཡོད་པའི་གཞི་རིམ་སློབ་གྲའི་སློབ་ཕྲུག་བརྒྱ་ཕྲག་འགའ་ཤས་ལ་ཨ་མི་རི་ཀའི་ནང་སྔོན་ཆད་མི་རིགས་འདྲ་མཉམ་གྱི་ཐོབ་ཐང་དོན་དུ་སྤྱི་དམངས་ཐོབ་ཐང་ལས་འགུལ་བརྩམས་པའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་འགྲེལ་བརྗོད་གནང་བ་དང་མཉམ་རྒྱ་ནག་ནང་ཆོས་དད་རང་དབང་དགོས་པའི་སྐོར་གཏམ་བཤད་གནང་ཡོད་པ་དང་། མུ་མཐུད་ཁོ་མོས་ཨ་མི་རི་ཀའི་ནང་མི་རིགས་ཀྱི་ངོ་བོ་ཇི་ཡིན་དང་། ས་གནས་ག་པར་གནས་མིན་ལ་མི་ལྟོས་པར་སོ་སོས་དཀའ་ལས་རྒྱབ་ཅིང་རང་གིས་རང་ལ་ཡིད་ཆེས་བྱས་པ་ཡིན་ན་མི་ཚེ་ལམ་ལྷོངས་ལྡན་པ་ཡོང་བའི་གོ་སྐབས་ཡོད་རེད་ཅེས་དང་། ང་ཚོས་མི་ཚང་མ་འདྲ་མཉམ་ཡིན་པར་ཡིད་ཆེས་བྱེད་ཀྱི་ཡོད་ལ་མི་ཚང་མར་ཆོས་དད་རང་དབང་དང་། སྨྲ་བརྗོད་ཀྱི་རང་དབང་ཡོད་དགོས་ཀྱི་རེད་བསམ་གྱི་ཡོད། ཡིན་ནའང་ཕུགས་བསམ་དེ་དག་དུས་རྟག་ཏུ་ཚུལ་བཞིན་དུ་ལག་ལེན་བསྟར་རྒྱུ་ལས་སླ་པོ་མ་རེད་ཅེས་ཀྱང་གསལ་བཤད་གནང་འདུག
ཟི་ཁྲོན་ཞིང་ཆེན་དང་ཐག་ཉེའི་ཞིང་ཆེན་ཁག་ནང་བོད་མི་ཁྱོན་ཆེན་གནས་བཞིན་པ་ཡིན་ཙང་། ཨ་མི་རི་ཀའི་སྲིད་འཛིན་གྱི་སྐུ་ཟླ་ལྕམ་Michelle Obamaདང་། ཁོང་གི་ཡུམ། སྲས་མོ་གཉིས་བཅས་ཀྱིས་སང་ཉིན་ཚེས་༢༦ཉིན་ཁྲིན་འདུ་གྲོང་ཁྱེར་ལ་ཡོད་པའི་བོད་པའི་ཟ་ཁང་ཞིག་ནང་གསོལ་ཚིགས་མཆོད་རྒྱུ་ཡིན་པ་ཨ་མི་རི་ཀའི་སྲིད་འཛིན་ལས་ཁུངས་ཀྱི་ཕྱོགས་ཐོན་འཆར་གཞིའི་ནང་གསལ་ཡོད་པ་རེད།     
གསར་འགོད་པ་འབེན་པ་སྟོབས་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་སྲིད་འཛིན་ ༤༧ པ་ཌོ་ནལཌི་ཊམཔ་མཆོག་གིས་གཞུང་འཛིན་གྱི་འགན་འཁུར་བཞེས་པའི་སྐབས་འདིར། ཨ་མི་རི་ཀས་བོད་དོན་ལ་མུ་མཐུད་རྒྱབ་སྐྱོར་གནང་རྒྱུར་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་མང་གིས་ཐུགས་རེ་གནང་བཞིན་པ།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་མི་བཞི་ལ་དབྱིན་ཇིའི་རྒྱལ་པོ་Charles III ཡི་ཁྲི་འདོན་གྱི་རྟགས་མ་དང་ཕྱག་ཁྱེར་ཐོབ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎