ཐུན་མོང་གི་གཞི་རྟེན་འཚོལ་བ་ཞེས་པའི་བོད་རྒྱའི་གྲོས་ཆོད།


2014.08.29
བོད་རྒྱ་མི་རིགས་མཉམ་འཛོམས་ཀྱིས་ཐུན་མོང་གི་གཞི་རྟེན་འཚོལ་བ་ཞེས་བའི་ཚོགས་འདུ བོད་རྒྱ་མི་རིགས་མཉམ་འཛོམས་ཀྱིས་ཐུན་མོང་གི་གཞི་རྟེན་འཚོལ་བ་ཞེས་བའི་ཚོགས་འདུ
ཀུན་དགའ་བཀྲ་ཤིས

བོད་ཀྱི་གནད་དོན་ནི་བོད་རྒྱ་མི་རིགས་གཉིས་ཀའི་ཐུན་མོང་གི་མདུན་ལམ་དང་འབྲེལ་བ་ཡོད་པར་ངོས་འཛིན་སོགས་ཀྱི་གྲོས་ཆོད་དོན་ཚན་དྲུག་བཞག་འདུག
དེ་ཡང་ཇར་མན་གྲོང་ཁྱེར་Hamburgརུ་ཉེ་ཆར་ཕྱི་ཟླ་༨ ཚེས་ ༢༦དང་༢༧བཅས་ཉིན་གཉིས་རིང་ཐུན་མོང་གི་གཞི་རྟེན་འཚོལ་བ་ཞེས་བའི་བོད་རྒྱའི་ཚོགས་འདུ་ཚོགས་ཡོད་པ་དང་། ཉིན་གཉིས་ཀྱི་ཚོགས་འདུའི་སྐབས་ཚོགས་བཅར་བ་ཡོངས་ནས་གྲོས་བསྡུར་བགྲོ་གླེང་ལྷུག་པོ་གནང་རྗེས་མཐར་དོན་ཚན་དྲུག་བྱས་པའི་གྲོས་ཆོད་གཏན་འབེབས་བྱུང་ཡོད་པ་དང་། གྲོས་ཆོད་ནང་གསལ་ལྟར་ན། བོད་རྒྱའི་ལྷན་ཚོགས་ཐོག་ནས་བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་ནག་གཞུང་དང་ཞི་བའི་གྲོས་མོལ་གནང་རྒྱུའི་འབད་བརྩོན་ལ་རྒྱབ་སྐྱོར་ཞུ་རྒྱུ་དང་། བོད་རྒྱ་མང་ཚོགས་དབར་བགྲོ་གླེང་གནང་སྐབས་ཆབ་སྲིད་ཀྱི་ཁྱབ་ཁོངས་གཅིག་པུ་མ་ཡིན་པར། ཆོས་དང་། རིག་གཞུང་། སྒྱུ་རྩལ་སོགས་ཀྱི་ཐད་ནས་ནུས་པ་འདོན་སྤེལ་བྱེད་དགོས་པ། བོད་ཀྱི་གནད་དོན་ནི་བོད་རྒྱ་མི་རིགས་གཉིས་ཀའི་ཐུན་མོང་གི་མདུན་ལམ་དང་འབྲེལ་བ་ཡོད་པའི་གནད་དོན་ཞིག་ཡིན་པར་ངོས་འཛིན་ནན་བརྗོད་གནང་པ་བོད་ནང་འགྲོ་བ་མིའི་ཐོབ་ཐང་བརྡལ་ཤིག་ཚབས་ཆེན་འགྲོ་བཞིན་པ་དང་། རྒྱ་ནག་གི་ཁྲིམས་ལུགས་དབང་སྒྱུར་དང་། དམངས་གཙོ་འགྲོ་བ་མིའི་ཐོབ་ཐང་བཅས་ཀྱི་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་པར་སེམས་འཚབ་དང་། དབུ་མའི་ལམ་གྱི་སྲིད་བྱུས་ལ་གཅིག་གྱུར་གྱིས་མོས་མཐུན་དང་རྒྱབ་སྐྱོར་གསལ་སྟོན་གནང་པ་དེ་བཞིན་ཐུན་མོང་གི་གཞི་རྟེན་འཚོལ་བ་ཞེས་པའི་བོད་རྒྱའི་ཚོགས་འདི་རིགས་ལོ་རེར་ཐེངས་རེ་བསྐོང་ཚོགས་གནང་གལ་ཆེ་བར་སོང་བོད་རྒྱ་མི་རིགས་ཐུན་མོང་གི་ལས་དོན་ཚོགས་ཆུང་ཞིག་གསར་འཛུགས་གནང་རྒྱུར་གཅིག་གྱུར་གྱི་ངོས་འཛིན་གནང་ཡོད་པ་བཅས་གཏན་འབེབས་བྱུང་འདུག
ཚོགས་འདུ་དེའི་ཐོག་དབུས་བོད་མིའི་སྒྲིགས་འཛུགས་ཀྱི་སྲིད་སྐྱོང་མཆོག་དང་། ཕྱི་དྲིལ་བཀའ་བློན་གཙོས་པའི་བོད་རིགས་སྐུ་ཚབ་དང་། དེ་བཞིན་ཡུ་རོབ་དང་། ཨ་རི། ཨོ་སི་ཊོ་ལི་ཡ། རྒྱ་ནག་སོགས་རྒྱལ་ཁབ་དང་། ས་གནས་ཁག་༡༥ཙམ་ནས་རྒྱ་རིགས་མཁས་དབང་དང་ཤེས་ལྡན་མི་སྣ་བཅས་ཁྱོན་མི་གྲངས་༧༠ ལྷག་ཙམ་མཉམ་ཞུགས་གནང་ཡོད་ཅིང་ཚོགས་བཅར་བ་ཡོངས་ལ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་མཇལ་ཁ་དང་ལམ་སྟོན་བཀའ་སློབ་ཡང་ཕེབས་ཡོད་པ་རེད།

གསར་འགོད་པ་དོན་གྲུབ་རྣམ་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མི་རྣམས་ནས་རྒྱ་ནག་གི་གནོན་ཤུགས་འོག་བོད་སྤྱི་ལ་གནོད་འཚེར་གྱུར་བའི་ལག་ཆ་ཞིག་ཏུ་མི་འགྱུར་བའི་འབད་བརྩོན་གནང་གལ་ཆེ་བ་ཡིན་ཞེས། བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ཀྱིས་གསུངས་བྱུང་།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་མཆོག་གི་མཇལ་ཁ་ཐོབ་པ་ནི་རྨི་ལམ་མངོན་སུམ་དུ་གྲུབ་པ་ལྟ་བུ་ཞིག་བྱུང་ཞེས། ཤིམ་ལའི་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་ཞིབ་པ་ཆེན་མོ་སྐུ་ཞབས་ Rajiv Shakdher ལགས་ཀྱིས་གསུངས་པ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎