ཡ་ང་སྙིང་རྗེ་མེད་པར་དྲག་ཤུགས་གང་ཡོད་ཀྱི་ཐོག་ནས་རྡུང་རྡེག་གཏོང་དགོས།

2019-11-18
གློག་འཕྲིན།
མཆན།
Share
པར་བཀོད།
རྒྱ་ནག་གཞུང་གི་གསང་བའི་ཡིག་ཆ་ཤོག་གྲངས་༤༠༣ བྱས་པ་ཞིག་ཨ་མི་རི་ཀའི་གྲགས་ཆེ་བའི་New York Times གསར་ཤོག་ལ་ཕྱིར་གྱར་བྱུང་བ།
རྒྱ་ནག་གཞུང་གི་གསང་བའི་ཡིག་ཆ་ཤོག་གྲངས་༤༠༣ བྱས་པ་ཞིག་ཨ་མི་རི་ཀའི་གྲགས་ཆེ་བའི་New York Times གསར་ཤོག་ལ་ཕྱིར་གྱར་བྱུང་བ།
New York Times གསར་ཤོག

རྒྱ་ནག་གཞུང་གི་གསང་བའི་ཡིག་ཆ་ཤོག་གྲངས་༤༠༣ བྱས་པ་ཞིག་ཨ་མི་རི་ཀའི་གྲགས་ཆེ་བའི་New York Times གསར་ཤོག་ལ་ཕྱིར་གྱར་བྱུང་ཡོད་པ་དང་། དེའི་ནང་། རྒྱ་ནག་གིས་བོད་ལྟར་བཙན་བཟུང་བྱས་པའི་ཤར་ཏུར་ཀི་སི་ཐན་ཏེ་ཤིང་ཅང་ཞེས་འབོད་པའི་མངའ་ཁུལ་ལ་མི་སྤྱོད་ལས་འདས་པའི་རྡུང་རྡེག་དྲག་གནོན་གཏོང་བཞིན་པ་དེ་ནི། ཐད་ཀར་སྲིད་འཛིན་ཞི་ཅིན་ཕིང་རང་ཉིད་ནས་བཀའ་བཏང་བ་ཞིག་ཡིན་པ་གསལ་སྟོན་ཡོང་གི་ཡོད་པ་བཀོད་ཡོད་པ་རེད།

New York Times གསར་ཤོག་གིས་ཕྱིར་གྱར་བྱུང་བའི་གསང་བའི་ཡིག་ཆ་དེའི་ནང་། ཕྱི་ལོ་༢༠༡༤ལོར་སྲིད་འཛིན་ཞི་ཅིན་ཕིང་གིས་ཤིང་ཅང་ནང་ “དྲག་སྤྱོད་དང་སིམ་འཛུལ། ཁ་བྲལ་བཅས་ཀྱི་ལས་འགུལ་ལ་ཡ་ང་སྙིང་རྗེ་གཏན་ནས་མེད་པར་དྲག་ཤུགས་གང་ཡོད་ཀྱི་ཐོག་ནས་རྡུང་རྡེག་གཏོང་དགོས་པ་” ཞེས་བརྗོད་ཡོད་པ་གསལ་བ་དང་། དེ་ནས་རིམ་པས་ཕྱི་ལོ་༢༠༡༦ལོར་དེ་སྔ་བོད་ནང་བོད་མིར་དྲག་གནོན་གཏོང་མཁན་Chen Quanguo ཤིང་ཅང་མངའ་ཁུལ་གྱི་དམར་ཤོག་ཚོགས་པའི་འགོ་ཁྲིད་ལ་བསྐོ་བཞག་གིས་རྡུང་རྡེག་དྲག་གནོན་གྱི་སྲིད་བྱུས་ལག་བསྟར་ཤུགས་ཆེ་རུ་བཏང་སྟེ། ཡུ་གུར་མང་ཚོགས་ས་ཡ་བརྒལ་བ་འཛིན་བཟུང་བཙོན་བཅུག་གིས་དོ་དམ་བྱེད་འགོ་བཙུགས་ཡོད་པ་དང་། Chen Quanguoགིས།  ཤིང་ཅང་ནང་དྲག་གནོན་གྱི་སྲིད་བྱུས་ལ། ནང་ཁུལ་སྐྱོན་བརྗོད་ཐོན་སྐབས། སྲིད་འཛིན་ཞི་ཅིན་ཕིང་གི་གསུང་བཤད་ལུང་འདྲེན་བྱེད་ཀྱི་ཡོད་པའི་གནས་ཚུལ་ཡིག་ཆའི་ནང་གསལ་སྟོན་བྱས་ཡོད་འདུག ཡང་ཡིག་ཆ་དེའི་ནང་དེ་སྔ་ཤིང་ཅང་ནང་མང་ཚོགས་ཐོག་ཅུང་གུ་ཡངས་ཀྱི་སྲིད་བྱུས་བཟུང་སྟེ། བཙོན་འཇུག་བྱས་པའི་ཡུ་གུར་ཁ་ཆེ་མང་ཚོགས་༧༠༠༠ཙམ་གློད་བཀྲོལ་གཏོང་མཁན་རྒྱ་ནག་གི་དཔོན་རིགས་ Wang Yongzhiལ་ དམར་ཤོག་ཚོགས་པའི་བཀའ་དང་ལེན་མ་བྱས་པའི་ཉེས་པ་ཕོག་པའི་གནས་ཚུལ་གསལ་སྟོན་བྱས་ཡོད་པ་བཀོད་འདུག

གནས་ཚུལ་དེ་ནི། རྒྱ་ནག་གི་གཞུང་འབྲེལ་དཔོན་རིགས་ཤིག་ནས་ཕྱིར་གྱར་བྱས་པ་ཞིག་ཡིན་པ་དང་། འདིས་རྒྱ་ནག་གི་ཆེས་མཐོའི་དཔོན་རིགས་ཀྱི་ཁྲོད། ཤིང་ཅང་ཐད་འཛིན་པའི་སྲིད་བྱུས་ལ་བསམ་ཚུལ་མི་མཐུན་པ་ཡོད་པ་གསལ་བ་དང་། མིང་འདོན་མ་བྱས་པའི་ཡིག་ཆ་ཕྱིར་གྱར་བྱེད་མཁན་གྱི་དཔོན་རིགས་འདིས། ཤིང་ཅང་ནང་མང་ཚོགས་འཛིན་བཟུང་བཙོན་འཇུག་བྱེད་མཁན་གྱི་བྱེད་ལྟེ་ཉེས་ཅན་པ་སྲིད་འཛིན་ཞི་ཅིན་ཕིང་གི་གཙོས་པའི་འབྲེལ་ཡོད་དཔོན་རིགས་རྣམས་ནག་ཉེས་དེ་ནས་མ་ཐར་བར་བྱ་རྒྱུའི་རེ་འདུན་འདོན་གྱི་ཡོད་པ་བཀོད་ཡོད་པ་རེད།།

མཆན། (0)
Share
དྲ་གནས་ཆ་ཚང༌།