གསར་འགྱུར་དང་འབྲེལ་བའི་ལེ་ཚན་ནང་། དམ་དྲག་ཡོད་སའི་འཛམ་གླིང་གི་རྒྱལ་ཁབ་ནང་གི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བར་རང་དབང་རྒྱལ་ཁབ་ཀྱི་འབྲེལ་ཡོད་ཆེད་ལས་པས་རོགས་ཕན་གནང་ཐུབ་པའི་དྲ་གནས་ཤིག་གསར་བཟོ་གནང་ཡོད་པའི་སྐོར་རིག་ལྡན་སྒྲོལ་མ་ལགས་ཀྱིས་སྙན་སྒྲོན་གནང་གི་རེད།།
འཛམ་གླིང་ས་ཕྱོགས་གང་སར་ཡོད་པའི་ཤེས་ལྡན་མི་སྣ་ནས་རོགས་རམ་འཚོལ་སའི་གླེང་སྟེགས་ཤིག་ཡིན་འདུག
དེ་ཡང་ཨ་རི་ནེའུ་ཡོག་ཏུ་རྟེན་གཞི་བྱེད་པའི་Advancing Human Rights ཞེས་པའི་འགྲོ་བ་མིའི་ཐོབ་ཐང་མདུན་སྐྱོད་ཚོགས་པས་ཟླ་འདིའི་སྤྱི་ཚེས་༡༠་ཉིན་Movements.org ཞེས་པའི་དྲ་རྒྱའི་གླེང་སྟེགས་གསར་པ་ཞིག་གསར་དུ་སྒོ་འབྱེད་བྱས་ཡོད་པ་རེད། གླེང་སྟེགས་གསར་པ་འདི་ནི་འགྲོ་བ་མིའི་ཐོབ་ཐང་ཐད་ཀྱི་ལས་འགུལ་བ་དང་། དོན་གཉེར་བ་རྣམ་པ་ཕན་ཚུན་འབྲེལ་ལམ་ཉེ་པོ་བཟོ་ས་དང་། འཛམ་གླིང་ས་ཕྱོགས་གང་སར་ཡོད་པའི་ཤེས་ལྡན་མི་སྣ་ནས་རོགས་རམ་འཚོལ་སའི་གླེང་སྟེགས་ཤིག་ཡིན་འདུག གླེང་སྟེགས་འདིའི་ཐོག་མི་སྒེར་ གྱིས་འགྲོ་བ་མིའི་ཐོབ་ཐང་རྩོད་ཐབས་བྱེད་བཞིན་པའི་བརྒྱུད་རིམ་ནས་གསར་འགྱུར་ལས་ཁང་དང་། སྲིད་དོན་མི་སྣ། སྒྱུ་རྩལ་བ། གཞས་པ་སོགས་ཕྱོགས་འདྲ་མིན་ཁག་གིི་མི་སྣ་དང་འབྲེལ་ལམ་བཟོ་ཐུབ་པའི་མཐུན་རྐྱེན་བསྐྲུན་ཡོད་འདུག དྲ་རྒྱའི་གླེང་སྟེགས་འདི་གསར་འཛུགས་གནང་མཁན་འགྲོ་བ་མིའི་ཐོབ་ཐང་མདུན་སྐྱོད་ཚོགས་པའི་འགན་འཛིན་ David Keyes ཡིས། ང་ཚོས་དཔེར་ན་Syria དང་། Iran རྒྱ་ནག ཨུ་རུ་སུ་རྒྱལ་ཁབ་ལྟ་བུ་ནས་ཡིན་པའི་ལས་འགུལ་བ་ཧ་ཅང་མང་པོ་ཞིག་ལ སྐོམ་པ་ཆུ་འདོད་ བཞིན་རོགས་རམ་དགོས་གལ་ཡོད་པ་དེ་ལྟར་ཡང་མི་ཧ་ཅང་མང་པོ་ཞིག་གིས་རོགས་རམ་བྱེད་བསམ་པའི་འདོད་པ་ཡོད་ཀྱང་། གང་འདྲས་ཟེ་རོགས་རམ་བྱེད་པའི་ཐབས་ལམ་དེ་ཤེས་རྟོགས་ཐུབ་ཀྱི་མེད་པའི་གནས་སྟངས་ཤེས་རྟོགས་བྱུང་། དེར་བརྟེན་ང་ཚོས་ movements.org ཞེས་པའི་དྲ་རྒྱའི་གླེང་སྟེག ས་འདི་གསར་འཛུགས་བྱས་པ་ཡིན་ལ། གསར་འཛུགས་སྤྱོད་བྱེད་མ་དངུལ་Googleནས་ཨ་སྒོར་གཉིས་འབུམ་ལྔ་ཁྲི་རགས་སོང་ཞེས་འགྲེལ་བརྗོད་བྱས་འདུག ད་དུང་ཁོང་གིས་བརྗོད་གསལ། འདས་པའི་ཟླ་བའི་ཁ་ཤས་ནང་Iranདང་། Syria, རྒྱ་ནག ཨུ་རུ་སུ། Saudi Arabis སོགས་ནང་གླེང་སྟེགས་འདི་བེད་སྤྱོད་ཚོད་ལྟ་བྱས་པ་བརྒྱུད་ འཛམ་གླིང་ས་ཕྱོགས་གང་ས་ནས་མི་རྣམས་ཀྱིས་དྲ་རྒྱའི་གླེང་སྟེགས་དེའི་ནང་འཛུལ་ཞུགས་ཀྱིས་ཕན་ཚུན་དངོས་ཡོད་འབྲེལ་ལམ་བྱེད་བཞིན་ཡོད་པའི་སྐོར་བརྗོད་འདུག
དྲ་རྒྱའི་གླེང་སྟེགས་དེའི་ཕན་འབྲས་གང་འདྲ་བྱུང་མིན་ཐད་The Daily Beast ཞེས་པའི་ གསར་འགྱུར་བརྒྱུད་ལམ་ཁང་གིས་བཀོད་པ་ལྟར་ན། སྤྱི་ཟླ་༥་པའི་ནང་། Syria ལས་འགུལ་བ Kamal Labwani གསར་འགྱུར་ལས་ཁང་དང་འབྲེལ་ལམ་དགོས་པ་དྲ་རྒྱའི་གླེང་སྟེགསས་དེའི་ཐོག་བཀོད་ཡོད་ཅིང་། དེ་རྗེས་The Daily Beastགསར་འགྱུར་ལས་ཁང་གིས་ཁྱབ་སྤེལ་བྱས་ཡོད་པ་རེད་ལ། Syriaལས་འགུལ་བ་རྣམས་ཀྱིས་ཀྱང་གོང་ཞུས་གླེང་སྟེགས་དེའི་ཐོག་ནེའུ་ཡོག་ནས་ཡིན་པའི་ཁྲིམས་རྩོད་པ་དང་འབྲེལ་ལམ་བཟོ་ཐུབ་ནས་ཁོ་ཚོའི་སྐྱབས་བཅོལ་རགས་ཐབས་སྐོར་ལ་རོགས་རམ་བྱེད་བཞིན་པ་སོགས་གླེང་སྟེགས་དེ་ཕན་འབྲས་ཡོང་བཞིན་པ་འཁོད་འདུག
གསར་འགོད་པ་གུ་རུ་ཆོས་སྐྱིད།
