རྒྱ་ནག་གིས་གྲངས་ཉུང་མི་རིགས་ཐོག་དྲག་གནོན་སྲིད་ཇུས་སྤེལ་བཞིན་པར་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་སྐྱོན་བརྗོད།

2021-04-07
Share
རྒྱ་ནག་གིས་གྲངས་ཉུང་མི་རིགས་ཐོག་དྲག་གནོན་སྲིད་ཇུས་སྤེལ་བཞིན་པར་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་སྐྱོན་བརྗོད། ཤིན་ཅང་ངམ་ཤར་ཏུར་ཀིསུ་ཐན་གྱི་ཀཤི་སྒར་(Kashgar)གྲོང་ཁྱེར་རྒྱ་ནག་གི་ཉེན་རྟོག་པ་འགྲེམས་འཇོག ༢༠༡༧
Reuters

རྒྱ་ནག་གཞུང་གིས་བོད་དང་ཡུ་གུར་སོགས་གཙོས་གྲངས་ཉུང་མི་རིགས་ཐོག་དྲག་རྩུབ་དྲག་གནོན་གྱི་སྲིད་ཇུས་སྤེལ་བཞིན་པར་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་སྐྱོན་བརྗོད་བྱས་འདུག
རྒྱ་ནག་གཞུང་གིས་བོད་དང་ཤིན་ཅང་ངམ་ཤར་ཏུར་ཀིསུ་ཐན་ནང་སོག་བཅས་ཀྱི་ནང་ཁ་བྲལ་དང་མཐར་ལྷུང་དྲག་སྤྲོད་རིང་ལུགས་ལ་ཁ་གཡར་ནས་གྲངས་ཉུང་མི་རིགས་ཚོར་གདུག་རྩུབ་དྲག་གནོན་བྱེད་བཞིན་ཡོད་ལུགས་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་སྐྱོན་བརྗོད་བྱས་འདུག
རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་འཛམ་གླིང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་གྱི་༢༠༢༠ནས་༢༡་གི་སྙན་ཐོ་བཏོན་པ་དང་མཉམ། ཚོགས་པ་དེའི་ཞུ་གཏུག་དང་གཞུང་འཛིན་ལས་དོན་ཚན་པའི་འགན་འཛིན་(Joanne Lin)ལགས་ཀྱིས། རྒྱ་ནག་གཞུང་གིས་གསར་དགོད་པ་དང་། འགྲོ་བ་མིའི་ཐོབ་ཐང་ཚོགས་པ་དང་འབྲེལ་བའི་མི་སྣ་རྣམས་རང་དབང་ལྡན་པའི་ཐོག་བོད་ནང་སྐྱོད་རྒྱུར་ཧ་ཅང་དམ་དྲག་ཆེན་པོ་བྱེད་མུས་ཡིན་པར་བརྟེན། རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་ངོས་ནས་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་གཞུང་ཁག་གིས་རྒྱ་ནག་ལ་གནོན་ཤུགས་སྤྲོད་དགོས་པའི་སྐུལ་མ་གནང་གི་ཡོད་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་ཡོད།
སྙན་ཐོའི་ནང་། རྒྱ་ནག་གཞུང་གིས་བོད་ནང་ཕར་འགྲོ་ཚུར་འོང་གི་དམ་དྲག་སྤྱི་དང་། ལྷག་པར་གསར་འགོད་པ་དང་། ཤེས་ཡོན་ཅན། འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བའི་ཚོགས་སྡེ་ཁག་གི་མི་སྣ་བཅས་ལ་དམིགས་བསལ་དམ་དྲག་བྱེད་བཞིན་པ་དང་། ཤིན་ཅང་ངམ་ཤར་ཏུར་ཀིསུ་ཐན་ནང་ཕྱི་ལོ་༢༠༡༨ནས་བཟུང་། ཡུ་གུར་བ་གཙོས་ཁ་ཆེའི་རིགས་ས་ཡ་གཅིག་ལྷག་ཙམ་བཀག་སྐྱིལ་གྱིས་ཆབ་སྲིད་ཀྱི་སློབ་གསོ་སྤྲོད་པ་དང་། སློབ་གསོ་སྤྲད་ནས་རིག་གཞུང་མཉམ་བསྲེའི་ལས་འགུལ་བཙན་འགེལ་བྱ་མུས་སོགས་ཀྱིས་གནས་ཚུལ་བསྡུ་རུབ་བྱ་རྒྱུ་ཧ་ཅང་ཁག་པོ་ཡིན་པ་དང་། ཐོག་མར་རྒྱ་ནག་གི་དཔོན་རིགས་ཚོས་བཀག་སྐྱིལ་རྭ་བ་དེ་དག་ཡོད་པ་ངོས་ལེན་བྱས་མེད་ཀྱང་རྗེས་སུ་ལས་ཞོར་སློབ་གྲྭ་ཡིན་ལུགས་འགྲེལ་བརྗོད་བྱས་ཡོད་རེད། དེ་བས་བཀག་སྐྱིལ་རྭ་བ་དེ་དག་ལོ་ཧྲིལ་པོར་བཟོས་ཡོད་པ་སྲུང་སྐར་བརྒྱུད་ཤེས་རྟོགས་བྱུང་ཡོད་ལུགས་འགྲེལ་བརྗོད་གནང་འདུག
ད་དུང་སྙན་ཐོའི་ནང་། ཕྱི་ལོ་༢༠༡༧་ལོ་ནས་གར་སོང་ཆ་མེད་ཏུ་གྱུར་བའི་ཡུ་གུར་
བ་ལོ་རྒྱུས་སྨྲ་བ་གྲགས་ཅན་(Iminjan Seydin)ལགས་ཀྱིས་ཉེ་ལམ་གློ་བུར་དུ་རྒྱ་ནག་གཞུང་འབྲེལ་དབྱིན་སྐད་གསར་ཤོག་གི་བརྙན་འཕྲིན་ལས་རིམ་ཐོག་རྒྱ་ནག་གཞུང་ལ་བསྔགས་བརྗོད་བྱེད་དུ་བཅུག་པ་དང་། ཕྱི་ལོ་༢༠༡༦ལོར་འབྱོར་ལྡན་པ་(Ekpar
Asat)ལགས་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་འགོ་ཁྲིད་ཟབ་སྦྱོང་ནས་ཕྱིར་ལོག་རྗེས་
གར་སོང་ཆ་མེད་དུ་གྱུར་པ་དང་། རྗེས་སུ་མི་རིགས་བར་དཀྲོག་རྐྱེན་སླངས་ཡོད་ལུགས་ཀྱིས་མི་ལོ་༡༥འི་བཙོན་འཇུག་གི་ཉེས་ཆད་བཏང་ཡོད་འདུག
གྱོན་ཆས་འགྲེམས་སྟོན་པ་(Mardan Ghappar)ལགས་ཕྱི་ཟླ་དང་པོའི་ནང་འཛིན་བཟུང་བྱས་རྗེས་ཕྱི་ཟླ་གསུམ་པའི་ནང་གཟུགས་པོ་བདེ་ཐང་མེད་པར་གྱུར་བའི་གནས་ཚུལ་ཐོན་རྗེས་གར་སོང་ཆ་མེད་གྱུར་ཡོད་པ། དེ་བཞིན་ཉེན་སྲུང་མ་འཇོག་ལས་ཁུངས་ཤིག་གི་ལས་བྱེད་པ་(Mahira Yakub)ལགས་ཀྱིས་འཇིགས་སྐུལ་དྲག་སྤྱོད་པར་རོགས་རམ་བྱས་བའི་ཉེས་འཛུགས་བྱས་ཡོད་པ་སོགས་འཁོད་འདུག

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།