གངས་ལྗོངས་ཆོས་ལྡན་གླིང་གི་སིལ་སྤོལ་ཐང་དབུ་འབྱེད།


2019-12-23
Share
གངས་ལྗོངས་ཆོས་ལྡན་གླིང་གི་སིལ་སྤོལ་ཐང་དབུ་འབྱེད། སིལ་སྤོལ་ཐང་དབུ་འབྱེད་དང་སྦྲགས། ས་གནས་བོད་རིགས་གཞོན་སྐྱེས་ནང་ཁུལ་སིལ་སྤོལ་འགྲན་བསྡུར་གྱི་ལས་རིམ་ཞིག་དབུ་འཛུགས་གནང་བ།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན། ཨོ་རྒྱན།

འདི་ཟླའི་ཚེས་༢༢ཉིན་བོད་མིའི་སྤྱི་ཁང་གངས་ལྗོངས་ཆོས་ལྡན་གླིང་གི་སིལ་སྤོལ་ཐང་དང་། བྱ་སྒྲོའི་ཕོང་རྩེད། དྲ་སྤོལ། ཆུ་ཁང་དང་གསང་སྤྱོད་བཅས་གསར་བསྐྲུན་གནང་ནས་ལེགས་འགྲུབ་བྱུང་བའི་མཛད་སྒོའི་སྐུ་མགྲོན་གཙོ་བོ་གནས་བསྟན་སྤྲུལ་སྐུ་མཆོག་དང་།  ས་གནས་མངའ་སྡེའི་གྲོས་ཚོགས་ཀྱི་འཐུས་མི་ལྕམ་ Christine Hogarth ལགས་བཅས་ནས་དབུ་འབྱེད་གནང་བ་དང་སྦྲགས་བོད་རིགས་གཞོན་སྐྱེས་ནང་ཁུལ་དབར་སིལ་སྤོལ་འགྲན་བསྡུར་གྱི་ལས་རིམས་ཞིག་དབུ་འཛུགས་གནང་ཡོད་པ་རེད།

གྲོས་ཚོགས་ཀྱི་འཐུས་མི་ Christine Hogarth ལགས་ནས་དབུ་འབྱེད་མཛད་སྒོ་དང་འབྲེལ་བའི་གཏམ་བཤད་གནང་བར་༸གོང་ས་མཆོག་གི་བཀའ་དྲིན་དང་ས་གནས་བོད་མི་ཚོས་དཀའ་ལས་བརྒྱབ་པ་བཅས་ལ་བརྟེན་ནས་ས་ཁུལ་དུ་ཡར་རྒྱས་ཀྱི་རྣམ་པ་དེ་ལྟ་བུ་ཞིག་བསྐྲུན་ཐུབ་པར་དགའ་ཚོར་དང་འཚམས་འདྲི་ཞུ་རྒྱུ་ཡིན་སྐོར་གསུངས་ཡོད་པ་རེད།

ཡང་ཁེ་ཎ་ཌ་ཨོ་ཊེ་རི་ཡོ་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ཚེ་རིང་དབང་རྒྱལ་ལགས་ནས་རྩེད་ཐང་གི་འགྲོ་སོང་ཐད་ཨོན་ཏྲེ་རི་ཡོ་trillium རོགས་དངུལ་དང་སྒོ་སོག་རིན་པོ་ཆེ་གཉིས་ནས་རོགས་དངུལ་རྒྱབ་སྐྱོར་ཤུགས་ཆེ་གནང་བར་བཀའ་དྲིན་ཆེ་ཞུས་པ་དང་།    དེ་མིན་བེད་སྤྱོད་འདྲ་མིན་གཏོང་རྒྱུ་ཡོད་པའི་རྩེད་ཐང་དེ་བཞིན་སྟངས་འཛིན་དང་བོད་རིགས་གཞོན་སྐྱེས་རྣམས་ནས་གང་མང་བེད་སྤྱོད་གནང་ཐུབ་རྒྱུར་ལས་རིམ་འདྲ་མིན་སྤེལ་རྒྱུ་ཡིན་སྐོར་གསུངས་ཡོད་པ་རེད།།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།