རྒྱ་ནག་གིས་བཤད་པ་བདེན་པ་མ་རེད་ཅེས་འབྲུག་གཞུང་གིས་ངོས་ལེན་བྱས་མི་འདུག


2017.08.10
འབྲུག་ཡུལ་གྱི་ས་ཁྲ། འབྲུག་ཡུལ་གྱི་ས་ཁྲ།
RFA

བོད་དང་། རྒྱ་གར། འབྲུག་ཡུལ་གསུམ་གྱི་དབར་ཡོད་པའི་འབྲོག་ལམ་ཞེས་པའི་ས་ཆའི་བདག་དབང་གི་ཐད་དེང་སྐབས་རྒྱ་དཀར་ནག་གཉིས་དབར་ཛ་དྲག་གི་ཁ་རྩོད་ཐུག་བཞིན་པའི་སྐབས་འདིར། ཕྱི་ཟླ་ ༨ ཚེས་ ༩ ་ཉིན་རྒྱ་ནག་གི་དཔོན་རིགས་ཤིག་གིས་ས་མཚམས་ཀྱི་རྩོད་རྙོག་འདི་རྒྱ་གར་གྱིས་སླང་བ་ཞིག་ཡིན་པ་ལས། འབྲུག་གཞུང་གིས་ས་ཆ་དེ་ང་ཚོའི་མིན་པ་གསལ་པོ་བརྗོད་བྱུང་ཞེས་བཤད་ཡོད་པ་ནི་རྩ་བ་ནས་བདེན་པ་མ་རེད་ཅེས་འབྲུག་གཞུང་གིས་གསུངས་འདུག
དེ་ཡང་ཁ་ས་ཕྱི་ཚེས་ ༩ ་ཉིན་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་ས་མཚམས་དང་མཚོ་ཁའི་ལས་དོན་སྡེ་ཚན་གྱི་འགན་འཛིན་ Wang Wenli ་ཡིས་རྒྱ་གར་གྱི་གསར་འགོད་པ་ཁག་ཅིག་ཐུག་འཕྲད་ཀྱིས་ས་མཚམས་རྩོད་རྙོག་འདིའི་སྐོར་རྒྱ་ནག་གཞུང་གི་ལངས་ཕྱོགས་འགྲེལ་བརྗོད་བྱས་པའི་ཞོར་དུ། འབྲུག་གཞུང་གིས་ས་ཆ་དེ་འབྲུག་པའི་མིན་ཞེས་ཕྱི་འབྲེལ་བརྒྱུད་ལམ་ཐོག་ནས་ང་ཚོར་བརྡ་ལན་སྤྲད་བྱུང་ཞེས་བརྗོད་ཡོད་པར། སྐད་ཆ་དེ་བདེན་པ་ཆགས་ཀྱི་ཡོད་མིན་རྒྱ་གར་གྱི་ANI ་གསར་འགྱུར་ལས་ཁང་གིས་འབྲུག་གི་ཕྱི་སྲིད་ལྷན་ཁང་ལ་དྲི་རྩད་བྱས་པའི་ལན་དུ། དེ་ནི་བདེན་པ་རྩ་བ་ནས་མ་རེད། གནད་དོན་འདིའི་ཐད་ང་ཚོའི་ལངས་ཕྱོགས་ག་རེ་ཡིན་པ་དེ་འདི་ལོའི་ཕྱི་ཟླ་ ༦ ་པའི་ཚེས་ ༢༩ ་ཉིན་སྤེལ་བའི་ཡོངས་ཁྱབ་གསལ་བསྒྲགས་ཤིག་ནང་གསལ་པོ་བཟོས་ཡོད་ཅེས་གསུངས་ཡོད་པ་དང༌། འབྲུག་གཞུང་གི་གསལ་བསྒྲགས་དེའི་ནང་། འབྲོག་ལམ་ནི་འབྲུག་གི་ས་ཆ་ཡིན་པ་དང༌། དེར་རྒྱ་ནག་གཞུང་གིས་གཞུང་ལམ་གསར་རྒྱག་བྱེད་བཞིན་པ་ནི་རྒྱལ་ཁབ་གཉིས་དབར་ས་མཚམས་དབྱེ་མཚམས་ཀྱི་ཆིངས་དོན་རིམ་པ་བཞག་ཡོད་པ་དེ་དག་གི་འབྲུ་དོན་རྣམས་དང་འགལ་འཛོལ་བྱས་པ་ཞིག་རེད་ཅེས་བཀོད་ཡོད་པ་རེད།

གསར་འགོད་པ་ངག་དབང་ཆོས་འཕེལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཀརྨ་ཚེ་བརྟན་བོད་རང་སྐྱོང་ལྗོངས་མི་མང་སྲིད་གཞུང་གི་འགོ་གཙོའི་ལས་ཚབ་ཏུ་བསྐོ་གཞག་བྱས་ཡོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་མི་རྣམས་ནས་གོ་སྐབས་ནམ་བྱུང་ལ་བོད་དོན་དྲིལ་བསྒྲགས་གནང་གལ་ཆེ་བ་ཡིན་ཞེས། སྲིད་སྐྱོང་མཆོག་གིས་མོན་གྷོ་འདོད་རྒུ་གླིང་གི་མི་མང་་ལ་གསུངས་པ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎