ཨ་རིའི་སྲིད་འཛིན་འཕོ་འགྱུར་དང་བསྟུན་ཨ་རྒྱ་གཉིས་ཀྱི་འབྲེལ་ལམ་སླར་གསོ་ཡོང་རེ་བྱེད་བཞིན་འདུག


2020-11-09
Share
རྒྱ་ནག་གཞུང་འབྲེལ་ཚགས་ཤོག་ཁག་གི་མདུན་ཤོག ༡༡།༠༩།༢༠ རྒྱ་ནག་གཞུང་འབྲེལ་ཚགས་ཤོག་ཁག་གི་མདུན་ཤོག ༡༡།༠༩།༢༠
AP

ཨ་མི་རི་ཀའི་ནང་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མི་སྐུ་ཞབས་ཇོ་སྦ་ཡེ་ཌེན་(Joe Biden)ལ་སྲིད་འཛིན་གྱི་འོས་བསྡུའི་ནང་རྒྱལ་ཁ་ཐོབ་པ་དེས། རྒྱ་ནག་དང་ཨ་མི་རི་ཀའི་བར་གྱི་འབྲེལ་བའི་གནས་བབས་དེ་བསྐྱར་གསོ་ཡོང་བའི་ཚོད་དཔག་གནང་ཐུབ་པ་ཞིག་དང་། དེ་ཡང་ཚོང་འབྲེལ་ཐོག་ནས་འགོ་འཛུགས་གནང་ཐུབ་རྒྱུ་ཡིན་པ་རྒྱ་ནག་གཞུང་གི་གསར་འགྱུར་བརྒྱུད་ལམ་ཁག་གི་ཆེད་རྩོམ་ནང་གནས་ཚུལ་བཀོད་སྤེལ་བྱས་ཡོད་པ་(Reuters)གསར་ལས་ཁང་གིས་རྒྱ་ནག་ཧྲང་ཧེ་ནས་གནས་ཚུལ་སྤེལ་འདུག
དེ་ཡང་གནས་ཚུལ་ནང་རྒྱ་ནག་གི་དབྱིན་ཡིག་གསར་ཤོག་གོ་ལའི་དུས་བབ(Global Times)ཞེས་པས། ཨ་མི་རི་ཀའི་གཞུང་གིས་རྒྱ་ནག་གིས་འབོད་པའི་ཤིན་ཅིང་དང་ཧོང་ཀོང་གི་གནད་དོན་ཐོག་གནོན་ཤུགས་མུ་མཐུད་དུ་སྤྲོད་རྒྱུ་ཡིན་པ་ཁ་གསལ་ཡིན་ཐོག་རྒྱ་ནག་གཞུང་གི་ངོས་ནས་ཨ་མི་རི་ཀའི་བདམས་ཐོན་སྲིད་འཛིན་(Biden)ལགས་ཀྱི་མ་འོངས་བློན་ཆེན་ལྷན་ཚོགས་དང་མཉམ་ལས་གང་ཡོང་གནང་དགོས་པའི་སྐོར་བཀོད་ཡོད་པ་རེད།
ད་དུང་གནས་ཚུལ་ནང་། ཨ་མི་རི་ཀའི་སྲིད་འཛིན་(Trump)གཞུང་གིས་རྒྱ་ནག་ལ་གནོན་ཤུགས་སྤྲོད་ཆེད་ལས་དོན་འདྲ་མིན་སྤེལ་བར་བརྟེན་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་གནས་བབས་དེ་ལྦུ་བ་ལྟར་ཕན་མེད་སྡུག་པོ་ཆགས་ཡོད་པ་དང་། ད་ལྟ་གནས་སྟངས་དེ་དག་མེད་པ་བཟོ་ཐུབ་རྒྱུ་ཡིན་ལུགས་དང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཁེ་ཕན་ཆེད་རྒྱ་ནག་དང་ཨ་མི་རི་ཀའི་འབྲེལ་བ་དེ་འཁོན་འཛིན་མེད་པའི་གནས་བབས་ཤིག་དང་སྟངས་འཛིན་ཐུབ་པ་ཞིག་བཟོ་དགོས་པའི་སྐོར་བཀོད་ཡོད་པ་རེད།
ཡང་རྒྱ་ནག་གཞུང་གི་ཉིན་རེའི་ཚགས་པར་(China Daily)ཞེས་པའི་གསར་ཤོག་དེའི་ཆེད་རྩོམ་ནང་། རྒྱ་ནག་དང་ཨ་མི་རི་ཀའི་འབྲེལ་བ་ཡར་རྒྱས་གཏོང་རྒྱུ་དེ་གཙོ་བོ་ཚོང་འབྲེལ་ཆགས་ཡོད་པ་མངོན་གསལ་ཡིན་ལུགས་དང་། ཚོང་འབྲེལ་ཐོག་གྲོས་མོལ་སླར་གསོ་བྱེད་རྒྱུ་ནི་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བའི་གནས་བབས་དེར་ཡིད་ཆེས་དང་གོ་ཤེས་ཉན་ཤེས་ཤིག་ཡོང་རྒྱུར་གནད་འགག་ཆགས་ཡོད་པའི་སྐོར་བརྗོད་ཡོད་པ་རེད།
འདས་པའི་ལོ་ཤས་ནང་རྒྱ་ནག་དང་ཨ་མི་རི་ཀའི་བར་གྱི་འབྲེལ་བའི་གནས་བབས་དེ་ཛ་དྲག་ཅན་ཞིག་ཏུ་འགྱུར་ཏེ་རྒྱལ་ཁབ་གཉིས་བར་དངུལ་རྩིས་ཐོག་དམག་འཐབ་ཚོང་དམག་བྱུང་བཞིན་ཡོད་པའི་ཞེད་སྣང་གི་རྣམ་པ་ཞིག་གི་ཐོག་ཡོད་པ་རེད།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།