Scotlandམུ་མཐུད་དབྱིན་ཇིའི་མངའ་ཁོངས་སུ་གནས་རྒྱུ་ཡིན།

2014-09-19
གློག་འཕྲིན།
མཆན།
Share
པར་བཀོད།
Scotlandཡུལ་གྲུ་རང་བཙན་མི་འདོད་མཁན་ཚོར་རྒྱལ་ཁ་ཐོབ་པར་དགའ་འབོད་བྱེད་བཞིནཔ། ༢༠༡༤།༩།༡༩
Scotlandཡུལ་གྲུ་རང་བཙན་མི་འདོད་མཁན་ཚོར་རྒྱལ་ཁ་ཐོབ་པར་དགའ་འབོད་བྱེད་བཞིནཔ། ༢༠༡༤།༩།༡༩
AFP

Scotlandཡུལ་གྲུ་རང་བཙན་བྱེད་མིན་གྱི་འདེམས་ཤོག་རང་བཙན་མི་འདོད་མཁན་གྱི་ཕྱོགས་ལ་ཐོབ་ཡོད་འདུག
དེ་ཡང་ཁ་ཉིན་Scotlandརང་དབང་རང་བཙན་བྱེད་མ་བྱེད་ཀྱི་མི་མང་གི་འོས་བསྡུའི་གྲུབ་འབྲས་ནང་དབྱིན་ཇིའི་མངའ་ཁོངས་སུ་ད་མུས་བཞིན་གནས་རྒྱུའི་ཐག་གཅོད་བྱུང་ཡང་མངའ་ཁུལ་དེར་རང་སྐྱོང་གི་གནས་བབ་དེ་བས་ཆེ་བ་ཐོབ་རྒྱུ་ཡིན་པ་རེད། མི་མང་གི་འོས་བསྡུའི་གྲུབ་འབྲས་དེར་Scotlandརང་འཇགས་ད་མུས་བཞིན་གནས་རྒྱུར་མོས་མཐུན་གནང་མཁན་གྱི་མི་འབོར་བརྒྱ་ཆ་དེ་༥༥དང་གྲངས་ཆུང་༣༠དང་། མངའ་ཁུལ་རང་དབང་རང་བཙན་འདོད་མཁན་གྱི་མི་འབོར་གྱི་བརྒྱ་ཆ་དེ་༤༤དང་གྲངས་ཆུང་༧༠ ཡིན་འདུག ད་ཐེངས་ཀྱི་Scotlandནང་གི་མི་མང་འོས་བསྡུ་དེའི་ནང་མི་མང་བརྒྱ་ཆ་ ༨༤དང་གྲངས་ཆུང་༦ཙམ་འོས་བསྡུར་ཞུགས་པ་དེ་ད་བར་དབྱིན་ཡུལ་ནང་བྱུང་མྱོང་མེད་པ་དང་། ད་ཐེངས་ཀྱི་འོས་བསྡུ་དེར་འཛམ་གླིང་གི་རང་དབང་རང་བཙན་འཐབ་རྩོད་གནང་མཁན་གྱི་མི་མང་ཚོས་ཧ་ཅང་གི་དོ་སྣང་ཆེན་པོ་གནང་ཡོད་པ་རེད། ད་ཐེངས་ཀྱི་མི་མང་གི་འོས་ཤོག་གི་གྲུབ་འབྲས་དེར་Scotlandརང་དབང་རང་བཙན་བྱེད་ཀྱི་མིན་བརྗོད་མཁན་ཚོས་ཕན་ཚུན་འཐམ་ནས་དགའ་བསུ་ཞུས་པ་དང་། དབྱིན་ཇིའི་སྲིད་བློན་David Cameronམཆོག་གིས་ཁོང་ཡང་དགའ་ཚོར་ཆེན་པོ་བྱུང་སྐོར་དང་གལ་སྲིད་དབྱིན་ཇིའི་ཡུལ་དེ་ཁ་ཐོར་དུ་ཕྱིན་པ་ཡིན་ན། ཁོང་རང་ལ་སེམས་སྡུག་ཆེན་པོ་ཡོང་རྒྱུ་ཡིན་སྐོར་བརྗོད་འདུག ཡང་Scotlandརང་དབང་རང་བཙན་འདོད་མཁན་ཚོས་སེམས་སྡུག་དང་མིག་ནང་མཆི་མ་འཁོར་བའི་རྣམ་འགྱུར་སྟོན་ཡང་Scotlandརང་བཙན་འདོད་མཁན་གྱི་འགོ་འཁྲིད་སྐུ་ཞབས་Alex Salmondཡིས་མི་མང་ས་ཡ་གཅིག་དང་འབུམ་དྲུག་གིས་རང་དབང་རང་བཙན་འདོད་ཀྱི་ཡོད་པའི་རྣམ་འགྱུར་དེར་སེམས་ཤུགས་བསྐྱེད་དགོས་པ་ཞིག་ཆགས་སྐོར་གསུང་འདུག ད་ཐེངས་ཀྱི་Scotlandནང་གི་མི་མང་འོས་ཤོག་གི་གྲུབ་འབྲས་དེས་རེས་གཟའ་པ་སངས་ཉིན་དབྱིན་ཇིའི་དངུལ་Poundགྱི་འཛའ་ཐང་དེ་ཨ་སྒོར་དང་ཡོ་རོབ་སྤྱི་མཐུན་གྱི་ཡོ་སྒོར་གྱི་འཛའ་ཐང་ལས་ཆེ་བ་ཆགས་པའི་གནས་ཚུལ་བྱུང་འདུག ཡང་ད་ཐེངས་ཀྱི་Scotlandནང་རང་དབང་རང་བཙན་འདོད་མཁན་ཚོར་ཕམ་ཉེས་བྱུང་ཡོད་ནའང་ཁོང་ཚོར་དབྱིན་ཇིའི་གཞུང་ནས་ད་ལྟ་ལས་ཐོབ་ཐང་དང་རང་དབང་ཆེ་བ་འཐོབ་རྒྱུའི་རེ་བ་བྱེད་ཀྱི་ཡོད་པ་རེད།

གསར་འགོད་པ་ལྷུན་གྲུབ་ཚེ་རིང་།

འབྲེལ་ཡོད་གནས་ཚུལ་གཤམ་ལ་གསན་རོགས༎

 

གསར་འགོད་པ་ཆོས་སྐྱིད།

གསར་འགོད་པ་བོད་རྒྱལ།

གསར་འགོད་པ་ལྷུན་གྲུབ་ཚེ་རིང༌།

གཤམ་ལ་གཏམ་གླེང་གི་ལེ་ཚན་ནང་དུ་འདི་གའི་གསར་འགོད་པ་ཚེ་དབང་ནོར་བུ་ལགས་ཀྱིས་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་གནང་བར་གསན་རོགས་ཞུ༎

གསར་འགོད་པ་སྒྲོལ་དཀར།

མཆན། (0)
Share
དྲ་གནས་ཆ་ཚང༌།