རྒྱ་ནག་ནང་འགོས་ནད་ཐོན་པ་ནས་བཟུང་ཕྲུ་གུ་༢༤རྐྱེན་ལམ་དུ་ཕྱིན་པ།

རྒྱ་ནག་ནང་ནད་འབུ་ལས་བྱུང་བའི་འགོས་ནད་འོག་ད་རིང་ཕྲུ་གུ་ གཉིས་འདས་གྲོང་ཕྱིན་པ་སོགས་ཁྱོན་ཕྲུ་གུ་༢༤རྐྱེན་ལམ་དུ་ཕྱིན་འདུག

༄༅༎རྒྱ་ནག་ནང་ནད་འབུ་ལས་བྱུང་བའི་འགོས་ནད་དེའི་འོག་ད་རིང་བསྐྱར་དུ་ཕྲུ་གུ་གཉིས་

འདས་གྲོང་ཕྱིན་པ་སོགས་ཁ་སྔོན་ཕྱི་ཟླ་གསུམ་པའི་ནང་ནས་ནད་ཡམས་དེ་ཐོན་པ་ནས་བཟུང་ད་རིང་

བར་ཁྱོན་ཕྲུ་གུ་༢༤རྐྱེན་ལམ་དུ་ཕྱིན་ཡོད་པ་དང་འབྲེལ་ཡོད་འཕྲོད་བསྟེན་དཔོན་རིགས་ཀྱིས་ནད་

ཡམས་དེ་རྒྱལ་ཁབ་ཆེ་རུ་ཕྱིན་ཏེ་རྒྱ་ནག་གི་ཁྱིམ་མཚེས་རྒྱལ་ཁབ་ནང་ཁྱབ་འཕེལ་འགྲོ་རྒྱུའི་བློ་འཚབ་

ཆེན་བཞིན་ཡོད་པ་རེད། འགོས་ནད་ཨི་ཝི་༡༧ཞེས་པ་དེ་ནི་ཚ་བ་ཕྲན་བུ་འཕར་བ་དང་ལུས་ལ་ཟ་

འཁྲུགས་ལངས་པའི་རྐྱེན་ཕྲན་བུ་བྱས་ཏེ་མིའི་ཚེ་སྲོག་ལ་གནོད་འཚེ་བཟོ་བཞིན་ཡོད་པ་མ་ཟད། འགོས་

ནད་དེ་ནི་ཕྲུ་གུར་འགོས་ཁྱབ་འགྲོ་བའི་ནད་གཞི་ཞིག་ཡིན་པ་དང་དེ་ཡང་ཁའི་མཆིལ་མ་དང་བཙོག་པ།

གཟུགས་པོའི་གཤེར་ཆུ་སོགས་ཁ་ལུད་དང་སྣ་ལུད་བརྒྱུད་འགོས་ཁྱབ་འགྲོ་བདེ་བའི་འགོས་ནད་ཅིག་ཡིན་ཞིང༌།

འགོས་ནད་ཡིན་པའི་རྟགས་མཚན་གཙོ་བོ་ནི་ཚ་བ་ཕྲན་བུ་འཕར་བ་དང་པགས་པར་ཟ་འཁྲུག་ལངས་པ།

ཁ་དང་རྐང་ལག་གི་མཛུབ་མོར་རྨ་འདོན་གྱི་ཡོད་པ་རེད། ད་ལྟ་བར་རྒྱ་ནག་དབུས་ཨན་ཧུའེ་ཞིང་ཆེན་དེའི་

ནང་འགོས་ནད་དེ་ཁྱབ་ཟིན་པའི་ཕྲུ་གུ་བཞི་སྟོང་ལྔ་བརྒྱ་ལྷག་བྱུང་ཡོད་པ་དང་དེ་བཞིན་ལྷོ་ཕྱོགས་ཀོང་ཏུང་

ཞིང་ཆེན་ནང་འགོས་ནད་དེའི་འོག་བསྐྱར་དུ་ཕྲུ་གུ་གཉིས་རྐྱེན་ལམ་དུ་ཕྱིན་པར་བརྟེན་ད་རིང་རྒྱ་ནག་གི་

འཕྲོད་བསྟེན་ལྷན་ཁང་ནས་རྒྱ་ནག་རྒྱལ་ཡོངས་སུ་འགོས་ནད་དེའི་སྐོར་ལ་ཡོངས་ཁྱབ་ཀྱི་ཉེན་བརྡའི་

གསལ་བསྒྲགས་ཤིག་སྤེལ་ཡོད་པ་མ་ཟད། འགོས་ནད་དེར་དམིགས་བསལ་འགོག་སྲུང་སྨན་ཁབ་དང་

སྨན་བཅོས་དམིགས་བསལ་མེད་ཅིང་། ཡིན་ནའང་ཕྲུ་གུ་མང་པོ་ཞིག་ལ་སྨན་བཅོས་མེད་པར་རང་བཞིན་

དྲག་བསྐྱེད་ཡོང་གི་ཡོད་ཀྱང་འགོས་ནད་དེས་ཛ་དྲག་གི་གནས་སྟངས་ལའང་འགྱུར་སྲིད་པ་དང་དེ་ཡིས་

ཕྲུ་གུའི་རྐང་པ་སྐྱོན་ཅན་དུ་འགྱུར་བའམ་ཚེ་སྲོག་ལ་གནོས་འཚེ་བཟོ་བའི་རྐྱེན་ཡང་བྱེད་ཀྱི་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org