རྒྱ་ནག་གིས་གླིང་ཕྲན་ཁུལ་དུ་མཁའ་ཐོག་སྲུང་སྐྱོབ་ཀྱི་ཐིད་ཚད་བཟོས་པ།


2013-11-23
Share
མཁའ་ཐོག་སྲུང་སྐྱོབ་ཀྱི་ཐིད་ཚད་བཟོས་པ། རྒྱ་ནག་དང་ཉི་ཧོང་དབར་བདག་དབང་ཐོག་རྩོད་གླེང་ཡོད་པའི་གླིང་ཕྲན།
ཨེ་ཨེཕ་པི།

༄༅༎དེ་རིང་གཟའ་སྤེན་པའི་ཉིན་རྒྱ་ནག་སྲུང་སྐྱོབ་ལས་ཁང་གིས་སྤྱི་བསྒྲགས་ཤིག་ཕྱིར་བསྒྲགས་བྱས་ཡོད་པའི་ནང་།  རྒྱ་ནག་གཞུང་གིས་ཉི་ཧོང་ནང་སེན་ཀ་ཀུ་དང་རྒྱ་ནག་ནང་ཏིའོ་ཡུས་ཞེས་རྩོད་གླེང་ཅན་གྱི་ཤར་རྒྱ་ནག་རྒྱ་མཚོའི་གླིང་ཕྲན་ཁུལ་དུ་མཁའ་ཐོག་སྲུང་སྐྱོབ་ཀྱི་དབྱེ་འབྱེད་ཐིག་ཚད་ཅེས་བཟོས་པ་མ་ཟད།  གཟའ་སྤེན་པའི་སྔ་དྲོ་ནས་བཟུང་རྒྱ་ནག་གིས་མཚོ་ཁུལ་ཐིག་ཚད་བཟོས་པའི་ས་ཁུལ་དེའི་ནང་འཕུར་མཁན་གནམ་གྲུ་ཡོངས་རྫོགས་རྒྱ་ནག་གཞུང་གིས་སྟངས་འཛིན་ལ་ཉན་དགོས་ལུགས་དང་།  གལ་སྲིད་དེ་ལྟར་མ་བྱེད་པ་ཡིན་ན་རྒྱ་ནག་དྲག་པོའི་དམག་དཔུང་གིས་ཛ་དྲག་སྲུང་སྐྱོབ་ཀྱི་ཐབས་ལམ་ཐོག་ནས་ཐག་གཅོད་བྱ་རྒྱུ་ཡིན་ལུགས་འཁོད་ཡོད་པ་རེད། རྒྱ་ནག་གཞུང་འབྲེལ་ཤིན་ཧའ་གསར་འགྱུར་རྒྱུད་ལམ་གྱིས་དེའི་སྐོར་ལ་གནས་ཚུལ་སྤེལ་བ་དང་འབྲེལ། རྒྱ་ནག་གཞུང་གིས་ཤར་རྒྱ་ནག་རྒྱ་མཚོའི་མཚོ་ཁུལ་མཁའ་ཐོག་དབྱེ་འབྱེད་ཐིག་ཚད་འཁོད་པའི་མཚོ་ཁུལ་གྱི་ས་ཁྲ་ཞིག་ཡང་བཏོན་ཡོད་འདུག།  རྒྱ་ནག་གིས་མཁའ་ཐོག་སྲུང་སྐྱོབ་ཀྱི་དབྱེ་འབྱེད་ཐིག་ཚད་ཅེས་བཟོས་པའི་ནང་རྩོད་གླེང་ཡོད་པའི་གླིང་ཕྲན་ཡང་ཚུད་ཡོད་པ་རེད།

རྒྱ་ནག་གཞུང་འབྲེལ་ཤིན་ཧའ་གསར་འགྱུར་རྒྱུད་ལམ་གྱིས་བཏོན་པའི་ས་ཁྲ།

 

ཉི་ཧོང་གཞུང་གིས་དེའི་ཐོག་གསལ་བསྒྲགས་སྤེལ་བའི་ནང་། རྒྱ་ནག་གིས་མཁའ་ཐོག་སྲུང་སྐྱོབ་ཀྱི་དབྱེ་འབྱེད་ཐིག་ཚད་ཅེས་བཟོས་པ་དེས་མཚོ་ཁུལ་དུ་ཉི་ཧོང་དང་རྒྱ་ནག་བར་ཕན་ཚུན་ཁ་གཏད་ཀྱི་རྣམ་པ་དེ་བས་ཛ་དྲག་ཏུ་འགྲོ་རྒྱུ་ཡིན་པ་མ་ཟད། མཚོ་ཁུལ་དེའི་ཛ་དྲག་གནས་སྟངས་ཡང་ཇེ་སྡུག་ཏུ་འགྲོ་རྒྱུ་ཡིན་པའི་སྐོར་འཁོད་ཡོད་པ་རེད༎

 

གསར་འགོད་པ་འཆི་མེད།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།