རྫ་ཆུ་ཁ་ཕྱོགས་ཀྱི་དགེ་འདུན་པ་ལོ་ཆུང་མང་པོ་དགོན་པ་ནས་ཕྱིར་ཕུད།

2018-07-10
གློག་འཕྲིན།
མཆན།
Share
པར་བཀོད།
རྫ་ཆུ་ཁ་ཕྱོགས་ཀྱི་དགེ་འདུན་པ་ལོ་ཆུང་མང་པོ་དགོན་པ་ནས་ཕྱིར་ཕུད་གཏོང་བཞིན་པ། ༢༠༡༨།༧
རྫ་ཆུ་ཁ་ཕྱོགས་ཀྱི་དགེ་འདུན་པ་ལོ་ཆུང་མང་པོ་དགོན་པ་ནས་ཕྱིར་ཕུད་གཏོང་བཞིན་པ། ༢༠༡༨།༧
བོད་འབྱོར།

རྒྱ་ནག་གིས་རྫ་ཆུ་ཁ་ཕྱོགས་ཀྱི་དགོན་པ་ཁག་ནས་གྲྭ་བ་ལོ་ཆུང་མང་པོ་བཙན་གྱིས་དགོན་པ་ནས་ཕྱིར་ཕུད་བཏང་བ་དང་སློབ་གྲྭར་འགྲོ་དགོས་པའི་བཀའ་བཏང་འདུག
དེ་ཡང་འདི་ག་རླུང་འཕྲིན་ཁང་ལ་ཨ་རིར་གནས་སྡོད་རྫ་ཆུ་ཁ་ཕྱོགས་ཀྱི་བོད་མི་ཞིག་གིས་གནས་ཚུལ་ངོ་སྤྲོད་གནང་བ་ལྟར་ན། རྒྱ་ནག་གཞུང་གིས་རྫ་ཆུ་ཁ་རྫོང་ཁོངས་སུ་ཡོད་པའི་དགོན་པ་མང་པོ་ཞིག་ནང་རང་ལོ་༡༥མན་གྱི་གྲྭ་ཆུང་རྣམས་བཙན་དབང་ཐོག་ནས་དགོན་པར་སྡོད་མ་བཅུག་པར་ཕྱིར་ཕུད་བཏང་ནས་རྒྱ་ནག་གཞུང་གི་བཙུགས་པའི་སློབ་གྲྭ་ཁག་ནང་འགྲོ་དགོས་པའི་བཀའ་རྒྱ་བཏང་ཡོད་པ་དང་། གལ་ཏེ་གྲྭ་ཆུང་རྣམས་སློབ་གྲྭར་མ་ཕྱིན་པ་ཡིན་ན་དགོན་པ་སྒོ་བརྒྱབ་སྟེ། དགོན་པའི་བླ་མ་དང་ལས་སྣེ། དགེ་རྒན་དང་ཕ་མ་སོགས་ཚང་མར་ཁྲིམས་གཅོད་བྱ་རྒྱུ་ཡིན་ལུགས་ཀྱི་བཙན་བཀའ་བཏང་ཡོད་པ་རེད།
ཡང་བོད་ནང་གི་བོད་མི་ཅིག་གིས་ངའི་ཕ་ཡུལ་གྱི་དགོན་པ་ཇོ་བོ་དགོན་དགའ་ལྡན་བཤད་སྒྲུབ་འཕེལ་རྒྱས་གླིང་དུ། རང་ལོ་༡༥མན་གྱི་ཕྲུ་གུ་༢༠ལྷག་དགོན་པའི་ནང་སྡོད་ཆོག་པའི་ལོ་ཚད་ཟིན་མེད་སྐོར་བརྗོད་དེ། གྲྭ་ཕྲུག་དེ་ཚོ་རྒྱ་ནག་གཞུང་གི་བཙུག་པའི་སློབ་གྲྭ་ཁག་ནང་འགྲོ་དགོས་པའི་བཀའ་བཏང་ཡོད་པ་དང་། གྲྭ་ཕྲུག་ཁག་ཅིག་ཚད་མ་རིག་པ་སོགས་ལ་སློབ་གཉེར་བྱས་ཏེ། སློབ་སྦྱོང་གི་གནས་ཚད་ཧ་ཅང་ཡག་པོ་ཆགས་ཡོད་ནའང་རྒྱ་གཞུང་གིས་བཙན་དབང་གི་སྒོ་ནས་དགོན་པ་དང་ཁ་བྲལ་དགོས་བཟོས་ཡོད་སྟབས་ཕྲུ་གུའི་ནང་མི་མང་པོ་ཞིག་བློ་ཕམ་ཆེན་པོ་བྱེད་བཞིན་འདུག་ཅེས་བོད་ནས་མིང་འདོན་གནང་འདོད་མེད་པའི་མི་སྣ་དེས་འགྲེལ་བརྗོད་གནང་འདུག
ཨ་རིར་གནས་སྡོད་གནས་ཚུལ་ངོ་སྤྲོད་པས། སྤྱི་ཚོགས་དྲ་ལམ་ཐོག་བཞག་གནང་བའི་གནས་ཚུལ་ནང་། བཙན་ཁྲིམས་དམར་པོའི་འོག་ནས་དེ་རིང་གི་གནས་ཚུལ། ངོ་མ་ཤི་ན་འདོད། སྤྱི་ལོ་༢༠༡༨ལོའི་ཕྱི་ཟླ་༧ཚེས་༡༠ཉིན་རྫ་སེར་ཤུལ་དགོན་ནས་གྲྭ་ཆུང་༢༠༠ལྷག་ཙམ་ཞིག་རྒྱལ་ཁབ་ཀྱིས་བཙན་ཁྲིད་བྱས་ཏེ། དགོན་པར་ཞུགས་མ་བཅུག་པར་གཞུང་གི་བཙུགས་པའི་སློབ་གྲྭ་ཁག་ནང་མ་ཞུགས་ཐབས་མེད་ཀྱི་བཀའ་བཏང་ཡོད་སྟབས། གྲྭ་ཆུང་རྣམས་གདོང་མིག་ཆུའི་གང་ནས་མི་འདོད་བཞིན་དུ་སྐྱ་ཆས་གྱོན་སྟེ། དགོན་པ་ནས་ཕྱིར་ཐོན་རྒྱ་གཞུང་གིས་བཙུགས་པའི་སློབ་གྲ་ཁག་གི་ནང་འགྲོ་དགོས་ཐུག་ཡོད། དེ་ནི་ཧ་ཅང་སེམས་ཕམ་དགོས་པའི་གནས་ཚུལ་ཞིག་རེད་ཅེས་སྤེལ་འདུག

གསར་འགོད་པ་རིག་ལྡན་སྒྲོལ་མ་དང་། བློ་བཟང་ཆོས་འཕེལ།

མཆན། (0)
Share
དྲ་གནས་ཆ་ཚང༌།