བོད་མི་གཉིས་ལ་རྒྱ་ནག་གཞུང་གིས་སྲོག་ཁྲིམས་བཅད་འདུག


2016.02.01
ཨ་དཀོན་རིན་པོ་ཆེ་སྐུ་ཕྲེང་གཉིས་པ་ཀརྨ་བཤད་སྒྲུབ་ཆོས་ཀྱི་ཉི་མ། ཨ་དཀོན་རིན་པོ་ཆེ་བསད་པར་སེམས་གསོ།
པར། བཀའ་བརྒྱུད་བསམ་ཡས་རྫོང་།

ཨ་དཀོན་རིན་པོ་ཆེ་དམར་གསོད་བཏང་མཁན་གྱི་བོད་མི་གཉིས་ལ་རྒྱ་ནག་གཞུང་གིས་སྲོག་ཐོག་གི་ཉེས་ཆད་གཏོང་རྒྱུའི་གསལ་བསྒྲཊ་བྱས་འདུག  
དེ་ཡང་དབྱིན་ཡུལ་གྱི་ཁྱབ་ཁོངས་Scotlandདུ་རྟེན་གཞི་བྱེད་པའི་བསམ་ཡས་གླིང་ནང་པའི་ཆོས་ཚོགས་ཀྱི་བོད་པའི་བླ་མ་དང༌། དབྱིན་ཇིའི་མི་སེར་ཡིན་པའི་ཨ་དཀོན་རིན་པ་ཆེ་དེ་སྔ་ཕྱི་ལོ་༢༠༡༣ ལོར་བོད་དང་རྒྱ་ནག་བཅས་པར་ཕེབས་བསྐྱོད་ཀྱིས་རྒྱ་ནག་ལྷོ་ནུབ་ཁྲིན་ཏུའུ་གྲོང་ཁྱེར་གྱི་རང་ཁྱིམ་དུ་བཞུགས་བཞིན་པའི་སྐབས། དེ་སྔ་ཁོང་གི་ཆོས་ཚོགས་ནང་ལས་ཀ་བྱས་ཏེ་གླ་ཕོག་སྤྲོད་ཕྱོགས་ཀྱི་ཐད་འཁོན་འཛིན་ཡོད་མཁན་བོད་མི་ཐུབ་བསྟན་ཀུན་གསལ་དང༌། ཚེ་རིང་དཔལ་འབྱོར་ཟེར་བ་གཉིས་ཀྱིས་ཨ་ཀོང་རིན་པོ་ཆེ་དང༌། ཁོང་གིས་ཕྱག་རོགས་གཉིས་ལ་གྲི་བརྒྱབ་ཏེ་བསད་པའི་རྗེས། ཁྲིན་ཏུའུ་གྲོང་ཁྱེར་གྱི་ཁྲིམས་ཁང་ཞིག་གིས་ད་བར་གྱོད་གཞི་འདིའི་ཐད་རྩད་ཞིབ་བྱས་པའི་མཐར། ཟླ་བ་སྔོན་མའི་ཚེས་༣༡ ཏེ་ཁ་ས་ཁྲིམས་ཁང་གིས་ཨ་དཀོན་རིན་པོ་ཆེ་ལ་གྲི་བརྒྱབ་ཏེ་བཀྲོངས་མཁན་བོད་མི་ཐུབ་བསྟན་ཀུན་གསལ་དང་། ཚེ་རིང་དཔལ་འབྱོར་གཉིས་ལ་ཚེ་སྲོག་གི་ཉེས་ཆད་དང༌། ཡང་ཨ་ཀོང་རིན་པོ་ཆེ་བཀྲོང་རྒྱུར་ཁོ་པ་གཉིས་དང་ལག་འབྲེལ་ཡོད་པའི་མི་གཞན་ཞིག་ལ་ལོ་གསུམ་གྱི་བཙོན་འཇུག་ཉེས་ཆད་བཅད་་པ་གསལ་བསྒྲགས་བྱས་འདུག
ཡང་ད་ལམ་ཁྲིམས་ཁང་གི་གསལ་བསྒྲགས་དེར་དགོངས་ཚུལ་ཇི་ཡོད་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་ཡོད་པའི་དབྱིན་ཇིའི་གཞུང་ཚབ་ཁང་ལ་བཀའ་འདྲི་ཞུས་པའི་ལན་དུ། ཁྲིམས་ཁང་གི་ཐག་གཅོད་ཇི་བྱས་ཤེས་འཚོར་ཡོད་པ་དེ་ལྟར་ཡང༌། དབྱིན་ཇི་གཞུང་གིས་སྲོག་ཐོག་གི་ཉེས་ཆད་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད་པའི་སྲིད་བྱུས་འཛིན་གྱི་ཡོད་ཅེས་གསུངས་འདུག

གསར་འགོད་པ་ངག་ཆོས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དབོན་སྟོད་དགོན་པའི་ཕྱག་མཛོད་བགྲེས་པ་དང་གྲོང་ཚོའི་ལས་བྱེད་པ་གཉིས་ཀྱི་གྱོད་དོན་གཞུང་ཕྱོགས་གྱོད་ཞིབ་པར་རྩིས་སྤྲད་ཟིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎