སི་པན་གཞུང་ཚབ་ཆེན་མོ་འབོད་འགུགས་བྱས་འདུག


2013.11.24
རྒྱ་ནག་གི་འགོ་ཁྲིད་ཁག་ཅིག་འཛིན་བཟུང་གི་བཀའ་ཁྱབ་བཏང་རྗེས་རྒྱ་ནག་ཕྱི་སྲིད་ལྷན་ཁང་གིས་པེ་ཅིན་དུ་ཡོད་པའི་སཔེན་གཞུང་ཚབ་པ་འབོད་འགུགས་བྱས་འདུག
སྤྱི་འཐུས་ཐུབ་བསྟན་དབང་ཆེན།

༄༅༎ཕྱི་ཟླ་༡༡ཚེས་༡༩ རེས་གཟའ་མིག་དམར་ཉིན་Spain རྒྱལ་ཡོངས་ཁྲིམས་ཁང་ནས་རྒྱ་ནག་གི་སྲིད་འཛིན་ཟུར་པ་Jaing Zemin གཙོས་པའི་འགོ་ཁྲིད་ལྔ་ཕྱིའི་རྒྱལ་ཁབ་ཏུ་བསླེབས་པའི་སྐབས་འཛིན་བཟུང་བྱ་ཆོག་པའི་བཀའ་ཁྱབ་བཏང་བའི་རྗེས་ཕྱི་ཟླ་༡༡ཚེས་༢༡རེས་གཟའ་ཕུར་བུའི་ཉིན་རྒྱ་ནག་ཕྱི་སྲིད་ལྷན་ཁང་གིས་རྒྱ་ནག་ཏུ་ཡོད་པའི་Spain གཞུང་ཚབ་པ་འབོད་འགུགས་བྱས་པའི་གནས་ཚུལ་དེ་བདེན་པ་ཡིན་པའི་སྐོར་Spain གྱི་ཕྱི་སྲིད་ལྷན་ཁང་གིས་གསུངས་ཡོད་པ་རེད།
དེ་ཡང་Spain ནང་དུ་ཡོད་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་གཉིས་དང་Spain གྱི་མི་སེར་ཡིན་པའི་བོད་མི་སྐུ་ཞབས་ཐུབ་བསྟན་དབང་ཆེན་ལགས་ཀྱིས་སྣེ་ཁྲིད་དེ་བོད་ཀྱི་ཆབ་སྲིད་བཙོན་པ་སྟ་ནག་འཇིགས་མེད་བཟང་པོ་ལགས་དང། སྐུ་ཞབས་དཔལ་ལྡན་རྒྱ་མཚོ་ལགས། ངག་དབང་སངས་སྒྲོན་ལགས་གཙོས་ཁག་ཅིག་གིས་༢༠༠༦ ནས་བཟུང་Spain ཁྲིམས་ཁང་དུ་རྒྱ་ནག་གི་སྲིད་འཛིན་ཟུར་པ་Jaing Zemin དང་Hu jintao
སྲིད་བློན་ཟུར་པ་Li Pengསོགས་དཔོན་རིགས་དྲུག་གིས་བོད་ནང་དུ་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་བཏང་བ་མ་ཟད། བོད་མི་རིགས་རྩ་མེད་བཟོ་ཐབས་ཀྱི་སྲིད་ཇུས་ལག་བསྟར་བྱས་པའི་ནག་ཉེས་ཁྲིམས་བཏུགས་བྱས་པར་ཁ་སྔོན་ཕྱི་ཟླ་༡༠ནང་སྲིད་འཛིན་ཟུར་པ་Hu Jintao ཡི་ནག་ཉེས་ར་སྤྲོད་བྱུང་སྟེ་ཉེས་བསག་གི་ཐག་གཅོད་གསལ་བསྒྲགས་སྤེལ་ཡོད་ཅིང། དེ་རྗེས་ཕྱི་ཟླ་༡༡ཚེས་༡༩ ཉིན་རྒྱ་ནག་གི་སྲིད་འཛིན་ཟུར་པ་Jing Zemin དང། སྲིད་བློན་ཟུར་པ་Li Peng གཙོས་པའི་མི་ལྔ་པོའི་ནག་ཉེས་ཀྱང་ར་སྤྲོད་བྱུང་སྟེ་ཁོང་ཚོ་ཕྱིའི་རྒྱལ་ཁབ་ཏུ་བསླེབས་པའི་སྐབས་འཛིན་བཟུང་བྱ་ཆོག་པའི་གསལ་བསྒྲགས་གནང་བ་དེ་ཡིས་ཁོང་ཚོ་ལྔ་པོ་ Spain རྒྱལ་ཁབ་ནང་དང། དེ་བཞིན་Spain ཁྲིམས་ཁང་གི་བཀའ་ཁྱབ་ངོས་འཛིན་བྱ་རྒྱུའི་གྲོས་མཆོད་བཞག་པའི་རྒྱལ་ཁབ་ཇི་འདྲ་ཞིག་ཏུ་བསླེབས་པའི་སྐབས་འཛིན་བཟུང་བྱ་ཆོག་གི་ཡོད་པ་རེད། འོན་ཀྱང་རྒྱ་ནག་གཞུང་གིས་Spain ཁྲིམས་ཁང་གི་ཐག་གཅོད་དེ་ནི་ཁུངས་མེད་ལུང་མེད་ཞིག་ཡིན་ལུགས་དང་Spain གཞུང་ཕྱོགས་ནས་རྒྱ་ནག་གཞུང་ལ་གནད་དོན་དེའི་ཐད་གསལ་བཤད་ཡོང་ཐབས་འབད་བརྩོན་བྱེད་ཀྱི་ཡོད་པའི་སྐོར་བཤད་ཡོད་པ་རེད།།

གསར་འགོད་པ་ཉི་མ་གཡུ་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དབོན་སྟོད་དགོན་པའི་ཕྱག་མཛོད་བགྲེས་པ་དང་གྲོང་ཚོའི་ལས་བྱེད་པ་གཉིས་ཀྱི་གྱོད་དོན་གཞུང་ཕྱོགས་གྱོད་ཞིབ་པར་རྩིས་སྤྲད་ཟིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎