རྒྱ་ནག་གཞུང་གིས་འོ་མའི་དངོས་རྫས་བརྟག་དཔྱད་བྱས་པ།

རྒྱ་ནག་གཞུང་གིས་དངོས་རྫས་ཚན་ཁག་མི་འདྲ་བ་ལྔ་བཅུ་ཉེ་བར་བརྟག་དཔྱད་བྱས་འབྲས་སུ་དུག་རྫས་ཐོན་མེད་ལུགས་གསལ་བསྒྲགས་བྱས་འདུག

2008.09.27

༄༅༎རྒྱ་ནག་ནས་བཟོས་བསྐྲུན་བྱས་པའི་འོ་མའི་བཟའ་ཆས་ཀྱི་རིགས་འགའ་ཤས་ནང་དུག་རྫས་བསྲེས་པའི་གནད་དོན་ཐད་མང་ཚོགས་ཀྱི་ཁྲོད་ནས་དངངས་འཚབ་ཆེན་པོ་བྱེད་བཞིན་པའི་ཛ་དྲག་གི་གནས་ཚུལ་ཆུང་དུ་གཏང་ཐབས་ཆེད་ གཟའ་སྤེན་པའི་ཉིན་རྒྱ་ནག་གཞུང་གིས་དངོས་རྫས་ཚན་ཁག་མི་འདྲ་བ་ལྔ་བཅུ་ཉེ་བར་བརྟག་དཔྱད་བྱས་འབྲས་སུ་དུག་རྫས་མེའི་ལ་མིན་ཞེས་པ་ཐོན་མེད་ལུགས་རྒྱ་ཁབ་གསལ་བསྒྲགས་བྱས་ཡོད་པ་རེད་

རྒྱ་ནག་གི་བཟོ་གྲ་ཁག་ནས་བཟོས་པའི་འོ་རྩམ་དང་ དེ་མིན་གྱི་འོ་མའི་དངོས་རྫས་ལོངས་སུ་སྤྱད་པའི་རྐྱེན་གྱིས་ཕྲུ་གུ་སྟོང་ཕྲག་ལྔ་བཅུ་ང་གསུམ་ཙམ་ལ་མཁེལ་མའི་ནད་གཞི་ཕོག་པ་དང་ཤེས་རྟོགས་བྱུང་བའི་ཕྲུ་གུ་ལྔ་འདས་གྲོངས་ཕྱིན་པའི་གནས་ཚུལ་བྱུང་ཡོད་ཅིང་ རྒྱ་ནག་གཞུང་གི་དངོས་རྫས་སྤུས་ཀའི་དོ་དམ་ལས་ཁང་ནས་ རྒྱ་ནག་གི་གྲོང་ཁྱེར་ཆེ་ཁག་ཚང་མའི་ནང་ཚོང་བསྒྱུར་བྱེད་བཞིན་པའི་འོ་མ་ལས་བཟོས་པའི་དངོས་རྫས་རྣམ་གྲངས་ཉི་བརྒྱ་དགུ་ཅུ་གོ་དྲུག་ཙམ་ལ་ཞིབ་འཇུག་བྱེད་བཞིན་ཡོད་པ་བརྗོད་འདུག

རྒྱ་ནག་ནས་བཟོས་པའི་འོ་མའི་དངོས་རྫས་འཛམ་གླིང་ཡུལ་གྲུ་མང་དག་ཅིག་གི་ནང་ཕྱིར་བཙོང་བྱས་ཡོད་སྟབས་ ཨཕ་རི་ཀ་ནས་ཡོ་རོབ་བར་གྱི་ཡུལ་གྲུ་མང་པོ་ཞིག་ནས་རྒྱ་ནག་ནས་བཟོས་པའི་འོ་མའི་དངོས་རྫས་དེ་རིགས་ཚོང་བསྒྱུར་བཀག་སྡོམས་བྱེད་བཞིན་ཡོད་པ་རེད།

ཡོ་རོབ་སྤྱི་མཐུན་སྒྲིག་འཛུགས་ཀྱིས་རྒྱ་ནག་ནས་བཟོས་པའི་ཕྲུ་གུའི་ལྟོ་ཆས་ཀྱི་རིགས་ནང་མེའེ་ལ་མིན་ཟེར་བའི་རྫས་འཤུལ་ཡོད་པའི་དངོས་པོའི་རྣམ་གྲངས་ཡོངས་རྫོགས་ནང་འདྲེན་མི་ཆོག་པའི་ཐག་གཅོད་བྱས་ཡོད་པ་དང་ ཧོང་ཀོང་དམིགས་བསལ་ས་ཁུལ་གྱིས་ཀྱང་དེ་མཚུངས་ཀྱི་ཐག་གཅོད་བྱས་ཡོད་པ་རེད་

ལྷག་པར་དུ་འདས་པའི་ཉིན་གྲངས་འགའ་ཤས་ནང་རྒྱ་ནག་ནང་དར་གསོ་ཧ་ཅང་ཆེ་བའི་རི་བོང་བྱི་རིལ་གྱི་ནང་ལ་ཡང་མེའེ་ལ་མིན་དུག་རྫས་ཡོད་པ་ཤེས་རྟོགས་བྱུང་ཞིང་ བྱི་རིལ་དེ་རིགས་ཕྱིར་སློག་དང་ཕྱིར་བསྡུ་བྱེད་མུས་ཡིན་པ་རེད་ལ་ད་དུང་འོ་མ་དང་འོ་རྩམ་འཐུང་པའམ་ཡང་ན་རྫས་ངན་ལྡན་པའི་འོ་མ་ལས་བཟོས་པའི་བཟའ་རིགས་ལོངས་སུ་སྤྱད་པའི་རྐྱེན་གྱིས་ཕྲུ་གུ་ནད་མནར་ཕོག་པའི་གནས་ཚུལ་མུ་མཐུད་བྱུང་བཞིན་ཡོད་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དབོན་སྟོད་དགོན་པའི་ཕྱག་མཛོད་བགྲེས་པ་དང་གྲོང་ཚོའི་ལས་བྱེད་པ་གཉིས་ཀྱི་གྱོད་དོན་གཞུང་ཕྱོགས་གྱོད་ཞིབ་པར་རྩིས་སྤྲད་ཟིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎