བོད་ནང་བཙུན་མ་བདུན་ལ་གསང་བའི་ཁྲིམས་ཐག་བཅད་ཡོད་འདུག

ཕྱི་ཟླ་༣པའི་ནང་ཞི་རྒོལ་གནང་མཁན་དཀར་མཛེས་བྲག་འགོ་ཛོང་ངང་ སྒོང་བཙུན་དགོན་གྱི་བཙུན་མ་བདུན་ལ་ཁྲིམས་ཐག་བཅད་ཡོད་འདུག


༄༅༎བོད་ནང་ཕྱི་ཟླ་༤ པའི་ཚེས་༢༩ ཉིན་བོད་མི་སུམ་ཅུར་ཉུང་མཐར་ལོ་གསུམ་ནས་

མང་མཐའ་ཚེ་བཙོན་བར་ཁྲིམས་ཐག་བཅད་པའི་གནས་ཚུལ་རྒྱ་ནག་གཞུང་གི་གཞུང་འབྲེལ་

ཤིན་ཧྭ་གསར་འགྱུར་བརྒྱུད་ལམ་ཐོག་གསལ་བསྒྲགས་བྱས་ཡོད་ཀྱང་དེ་སྔོན་ཕྱི་ཟླ་༣ པའི་

ཚེས་༢༤ཉིན་ཞི་རྒོལ་གནང་མཁན་དཀར་མཛེས་བྲག་འགོ་ཛོང་ངང་སྒོང་བཙུན་དགོན་གྱི་

བཙུན་མ་བདུན་ལ་གསང་བའི་ཁྲིམས་ཐག་བཅད་ཡོད་སྐོར་བོད་གཞུང་མང་ཛ་དྲག་ལས་འགུལ་

ཚོགས་ཆུང་གིས་གསར་འགོད་གསལ་བསྒྲགས་སྤེལ་འདུག དེ་ཡང་མཁའ་འགྲོ་ལྷ་མོ་དང་ཝ་མོ་ སྒྲོལ་མ་གཡང་མཚོ་བཅས་ལ་ལོ་བདུན་གྱི་དུས་བཀག་དང་ ཡེ་སྦུག བསོད་ནམས་ཆོས་སྒྲོན་ བདེ་ཡང་བཅས་བཞི་ལ་དུས་བཀག་ལོ་གསུམ་གྱི་ཁྲིམས་བཅད་བཏང་འདུག ཡང་གསར་འགོད་

གསལ་བསྒྲགས་དེའི་ནང་ མདོ་ཁམས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་བྲག་འགོ་རྫོང་

ལྕོག་རི་ཤང་གི་ལས་བྱེད་ཚོས་ད་ལམ་གྱི་ངོ་རྒོལ་དང་འབྲེལ་བའི་ཐད་རྒྱ་ཆེའི་མང་ཚོགས་ལ་

བསམ་འཆར་ལྷུག་པོ་བཤད་ཆོག་གི་ཡོད་ལུགས་དྲིལ་བསྒྲགས་བྱས་ཡོད་ཀྱང་ མང་ཚོགས་ནས་

ཡིད་མ་ཆེས་པར་བཤད་འཕོད་མཁན་མ་བྱུང་ཡང་ ལྕོག་རེ་དགོན་གྱི་མཁན་ཟུར་དགེ་བཤེས་

རྣམ་རྒྱལ་ཚེ་རིང་ལགས་ཀྱིས་ རྒྱ་གཞུང་གི་སྲིད་བྱུས་ལ་འདོད་པ་མི་ཁེངས་པར་བརྟེན་ ཞི་རྒོལ་མཚམས་འཇོག་དང་བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་༧གོང་ས་མཆོག་དང་ཀྲུ་ཞི་

ཧུའུ་ཅིན་ཐའོ་གཉིས་ཐད་ཀར་བཀའ་མོལ་གནང་དགོས་པ་དང་ དྲག་གནོན་གྱི་ལམ་ནས་

བོད་མིར་མནར་གཅོད་བཏང་ན་ འབྱུང་འགྱུར་དཀའ་ངལ་འདེ་ལས་ཆེ་བ་འཕྲད་ངེས་ཡིན་སྐོར་གསུངས་ཡོད་ལུགས་གསར་འགོད་

གསལ་བསྒྲགས་དེའི་ནང་བཀོད་གནང་འདུག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org