ཀན་ལྷོ་གཙོས་གྲོང་ཁྱེར་ཡོངས་སུ་སྒོ་བརྒྱབ་ནས་འགྲོ་བསྐྱོད་བཀག་སྡོམ་བྱས་འདུག

2022.03.29
ཀན་ལྷོ་གཙོས་གྲོང་ཁྱེར་ཡོངས་སུ་སྒོ་བརྒྱབ་ནས་འགྲོ་བསྐྱོད་བཀག་སྡོམ་བྱས་འདུག ཀན་ལྷོ་ཕྱོགས་སུ་ཏོག་དབྱིབས་རིམས་ནད་འགོད་ཡོད་མེད་བརྟག་དཔྱད་བྱེད་བཞིན་པ། ༣།༢༠༢༢
Chinese State Media

བོད་ནང་གི་གནས་ཚུལ་ལྟར་ན། ཕྱི་ཟླ་༣ཚེས་༢༧ཉིན་མདོ་སྨད་ཀན་ལྷོ་འམ་མདོ་ལྷོའི་གཙོས་གྲོང་ཁྱེར་དུ་ཏོག་དབྱིབས་རིམས་ནད་ཀྱི་ནད་རྟགས་ཡོད་པའི་ནད་པ་གཅིག་ཐོན་པ་ཤེས་རྟོགས་བྱུང་མ་ཐག གཙོས་གྲོང་ཁྱེར་ཡོངས་སུ་སྒོ་བརྒྱབ་ནས་མི་ཚོ་ཕར་ཚུར་འགྲོ་བསྐྱོད་འགྲུལ་བཞུད་བཀག་སྡོམ་བྱས་ཡོད་པ་དང་། ས་གནས་ནས་བོད་མི་ཞིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ། ནད་རྟགས་ཡོད་པའི་ནད་པ་དེ་ནི་རྒྱ་ནག་ཀོང་ཀྲོའུ་གྲོང་ཁྱེར་ནས་ཡོང་བའི་བོད་རིགས་བུད་མེད་ཞིག་ཡིན་པ་དང་། གཙོས་གྲོང་ཁྱེར་སྣ་བུག་གྲོང་བརྡལ་གྱི་མི་ཡིན་འདུག་ལ། བུད་མེད་དེ་ད་ལྟ་ཟུར་བཀག་འོག་བཞག་ནས་གཙོས་གྲོང་ཁྱེར་ཡོངས་སུ་འགྲོ་བསྐྱོད་འགྲུལ་བཞུད་བཀག་སྡོམ་བྱས་ནས་ཡོད་པ་འགྲེལ་བརྗོད་གནང་བྱུང་།
དེའི་ཐད་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གཙོས་གྲོང་ཁྱེར་ཏོག་གསར་གློ་ཚད་རིམས་ནད་མཉམ་འགོག་མཉམ་བཅོས་མགོ་ཁྲིད་ཚོགས་ཆུང་གིས་སྤྱི་བསྒྲགས་སྤེལ་བ་ལྟར་ན། གཙོས་གྲོང་ཁྱེར་དུ་ནང་འདྲེན་རང་བཞིན་གྱི་ནད་པ་གཅིག་ཐོན་པ་ཤེས་རྟོགས་བྱུང་བར་བརྟེན། ད་ལྟ་གནས་སྐབས་གཙོས་གྲོང་ཁྱེར་གྱི་འགྲིམ་འགྲུལ་བཀག་སྡོམ་གྱི་བྱ་ཐབས་སྤྱོད་རྒྱུ་ཡིན་པ་དང་། དམིགས་བསལ་གྱི་རླངས་འཁོར་དང་། གཞུང་དོན་རླངས་འཁོར། ཟོག་སྐྱེལ་རླངས་འཁོར་བཅས་ལས་གཞན་འགྲུལ་སྐྱེལ་རླངས་འཁོར་ལམ་ཐིག་དང་སྤྱི་སྤྱོད་རླངས་འཁོར། གླ་གཏོང་རླངས་འཁོར། སྒེར་འཁོར་བཅས་ཚང་མ་འགྲོ་སྐྱོད་བྱེད་མི་ཆོག་པ་དང་། རང་དགར་རླངས་འཁོར་བཏང་སྟེ་འགྲོ་སྐྱོད་བྱེད་མཁན་ལ་ཁྲིམས་དང་སྒྲིག་སྲོལ་ལྟར་འགན་འཁྲི་བདའ་འདེད་གཏོང་རྒྱུའི་ཉེན་བརྡ་བཏང་འདུག
ཉེ་ལམ་ནས་རྒྱ་ནག་ནང་ཏོག་དབྱིབས་ནད་ཡམས་ཀྱི་ནད་རྟགས་ཐོན་པའི་ནད་པ་ཇེ་མང་དུ་འགྲོ་བཞིན་པའི་གནས་སྟངས་འོག རྒྱ་ནག་གི་གྲོང་ཁྱེར་ཆེ་ཤོས་ཧྲང་ཧེ་གྲོང་ཁྱེར་ལྟ་བུ་ཉིན་གྲངས་བཅུའི་རིང་ཡོངས་སུ་སྒོ་བརྒྱབ་ནས་དམ་དྲག་ཤུགས་ཆེ་བྱེད་བཞིན་ཡོད་པ་རེད། འདི་ནི་རྒྱ་ནག་གཞུང་གིས་ཏོག་དབྱིབས་ནད་ཡམས་ཀླད་སྒོར་གྱི་སྲིད་བྱུས་དང་འབྲེལ་ཆགས་ཤིག་ཡིན་ཞིང་། རྒྱ་ནག་གི་མང་ཚོགས་ཁྲོད་དཀའ་ངལ་ཧ་ལས་པའི་ཆེན་པོ་བཟོ་བཞིན་ཡོད་པ་གནད་དོན་དབྱེ་ཞིབ་པ་དང་། རྒྱ་ནག་ནང་དྲ་ལམ་ཐོག་བསམ་ཚུལ་ཤུགས་ཆེ་སྤེལ་བཞིན་ཡོད་པ་རེད།
གཙོས་གྲོང་ཁྱེར་ནི་རྒྱ་ནག་གཞུང་གིས་ཆ་བགོས་བྱས་བའི་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ལྟེ་གནས་ཡིན། ཁུལ་དེ་ཀན་སུའུ་ཞིང་ཆེན་གྱི་ལྷོ་རྒྱུད་དུ་གནས་པ་དང་། བོད་རིགས་རང་སྐྱོང་ཁུལ་བཅུའི་གྲས་ཤིག་རེད། ནུབ་བྱང་རྒྱུད་ནི་སྤང་ཐང་ཡིན་པས་ཀན་སུའུ་ཞིང་ཆེན་ཡོངས་ཀྱི་འབྲོག་ཁུལ་གཙོ་བོར་གྱུར། ཁུལ་དེའི་ཁོངས་སུ་གཙོས་གྲོང་ཁྱེར་དང་། བསང་ཆུ། ཀླུ་ཆུ། བཱ་ཙེ། ཅོ་ནེ། འབྲུག་ཆུ། ཐེ་བོ། རྨ་ཆུ་བཅས་རྫོང་བདུན་ཡོད།

གསར་འགོད་པ། ཀླུ་འབུམ།
རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བྷེལ་ཇམ་གྱི་མི་སེར་ཡིན་པ་བོད་མི་ཞིག་བོད་ལ་གཉེན་འཕྲད་དུ་བསྐྱོད་སྐབས་ཧྲང་ཧེ་གནམ་ཐང་ནས་ཕྱིར་སློག་བྱས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་མཆོག་གིས་ཇོ་ནང་༸རྒྱལ་ཚབ་རིན་པོ་ཆེས་དབུས་པའི་ཐའེ་ཝན་གྱི་དད་ལྡན་ཆོས་ཞུ་བ་ ༡༦ ལ་མཇལ་ཁ་སྩལ་བ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎