བོད་རང་བཙན་ལ་རྒྱབ་སྐྱོར་བྱེད་ཀྱི་མེད་པའི་མིང་རྟཊ་བཀོད་པ།


2014.04.29
ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་སྲིད་བློན་ཆེན་Lubomir Zaoralekརྒྱལ་ཚོགས་ཀྱོ་ཚོགས་འདུ་ཞིག་གི་སྐབས། ༢༠༡༤།༣།༤ ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་སྲིད་བློན་ཆེན་Lubomir Zaoralekརྒྱལ་ཚོགས་ཀྱོ་ཚོགས་འདུ་ཞིག་གི་སྐབས། ༢༠༡༤།༣།༤
པར། V. Martin

ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་སྲིད་བློན་ཆེན་གྱིས་རྒྱ་ནག་མཉམ་བོད་རང་བཙན་ལ་རྒྱབ་སྐྱོར་བྱེད་ཀྱི་མེད་པའི་མིང་རྟགས་བཀོད་འདུག
དེ་ཡང་ཤར་ཡོ་རོབ་ཀྱི་ཡུལ་གྲུ་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་སྲིད་བློན་ཆེན་རྒྱ་ནག་ཏུ་འཚམས་གཟིགས་སུ་འབྱོར་ཡོད་པ་དང་། ཕྱི་ཟླ་༤ ཚེས་༢༩ ཉིན་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་སྲིད་བློན་ཆེན་ Lubomir Zaoralekདང་། རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ལི་གཉིས་སོ་སོས་མིང་རྟགས་བཀོད་པའི་ཡོངས་ཁྱབ་གསལ་བསྒྲགས་ཀྱི་ཡིག་ཆ་བཏོན་ཡོད་པ་དེའི་ནང་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་འདི་རྒྱ་ནག་དང་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པ་དང་། ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་ངོས་ནས་རྣམ་པ་གང་གི་ཐོག་ནས་བོད་རང་བཙན་ལ་རྒྱབ་སྐྱོར་བྱེད་ཀྱི་མེད་ཅེས་འཁོད་ཡོད་པ་རེད།
ཅེཀ་སྤྱི་མཐུན་རྒྱལ་ཁབ་འདི་ནི་དེ་སྔོན་ཨུ་རུ་སྤྱི་མཐུན་གྱི་དམར་ཤོག་སྒྲིག་འཛུགས་འོག་ལོ་མང་དཀའ་སྡུག་འོག་ཚུད་པའི་ཡུལ་གྲུ་ཞིག་ཡིན་ཞིང་། ཨུ་རུ་སུ་སོ་ཝེཌ་རིང་ལུགས་འོག་ནས་རང་བཙན་ཐོབ་སྟེ། ཡུལ་དེའི་སྲིད་འཛིན་དང་པོ་གནང་མཁན་སྐུ་ཞབས་ཝལ་ཙབ་ཧ་ཝཱལ་འདས་པོ་དེ་ནི་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་ཐུགས་འདྲིས་ཧ་ཅང་ཆེན་པོ་ཡོད་མཁན་ཞིག་ཡིན་ལ། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཀྱང་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་ནང་ལན་མང་ཆིབས་བསྒྱུར་བསྐྱངས་གནང་མཛད་ཡོད་པར་མ་ཟད། མང་ཚོགས་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་དགའ་མོས་ཆེན་པོ་ཞུ་གི་ཡོད་པ་རེད།
ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་སྲིད་བློན་ཆེན་རྒྱ་ནག་ཏུ་མ་ཕེབས་སྔོན་ཡུལ་དེའི་གྲོས་ཚོགས་ནས་ཚོར་ངར་ལྡན་པའི་བགྲོ་གླེང་ཤུགས་ཆེ་བྱུང་འདུག་ཅིང་། ཕྱོགས་འགལ་ཚོགས་པས་ད་ལྟའི་སྲིད་དོན་ཤོག་ཁག་གཉིས་མཉམ་འབྲེལ་གྱིས་སྐྱོང་བཞིན་པའི་གཞུང་འཛིན་ཚོགས་པའི་ངོས་ནས་དངུལ་ལ་བརྟེན་ནས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱ་རྒྱུ་བློས་བཏང་བྱས་ཡོད་པའི་སྐྱོན་འཛུགས་བྱས་ཡོད་འདུག འོན་ཀྱང་གཞུང་ཕྱོགས་ནས་བོད་དང་རྒྱ་ནག་ཐོག་བཟུང་བའི་སྲིད་བྱུས་ལ་འགྱུར་བ་གང་ཡང་ཕྱིན་མེད་པ་བརྗོད་བཞིན་ཡོད་འདུག

གསར་འགོད་པ་སྐལ་ལྡན་བློ་གྲོས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་ནག་གིས་བསྐོ་བཞག་བྱས་པའི་པཎ་ཆེན་བལ་ཡུལ་ནང་ཡོང་རྒྱུ་བལ་ཡུལ་གྱིས་ངོས་ལེན་བྱས་མེད་པ་བལ་ཡུལ་གྱི་གསར་ལམ་ཁག་ཅིག་གིས་གནས་ཚུལ་སྤེལ་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དགེ་བཤེས་རྭ་ཆུང་དགེ་འདུན་ལགས་བཙོན་འཇུག་གི་དུས་ཡུན་ཚང་སྟེ་གློད་གྲོལ་ཐོབ་ཡོད་ནའང་། ཁོང་བཙོན་གྲོལ་མ་ཐོབ་སྔོན་ཨ་མ་འདས་གྲོངས་སུ་གྱུར་ཏེ་མ་བུ་ཐུག་འཕྲད་ཐུབ་མེད་པ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎