༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཉི་ཧོང་ལ་ཞབས་སོར་བདེ་བར་འཁོད་འདུག

2018-11-12
གློག་འཕྲིན།
མཆན།
Share
པར་བཀོད།
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཉི་ཧོང་ལ་ཞབས་སོར་བདེ་བར་འཁོད་སྐབས། ༢༠༡༨།༡༡།༡༢
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཉི་ཧོང་ལ་ཞབས་སོར་བདེ་བར་འཁོད་སྐབས། ༢༠༡༨།༡༡།༡༢
OHHDL

བོད་ཀྱི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཉི་ཧོང་གི་གྲོང་ཁྱེར་ཡོ་ཀོ་ཧ་མར་ཞབས་སོར་བདེ་བར་འཁོད་གནང་མཛད་འདུག
དེ་ཡང་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་གི་མཛད་འཆར་ཁག་ལེགས་པར་གྲུབ་པའི་རྗེས་ཕྱི་ཚེས་ ༡༡ ཉིན་མགོན་པོ་གང་ཉིད་ལྡི་ལི་ནས་སིངྒ་པུར་བརྒྱུད་ཉི་ཧོང་དུ་ཆིབས་སྒྱུར་མཛད་གནང་བ་བརྒྱུད་ཕྱི་ཚེས་ ༡༢ ཉིན་ཉི་ཧོང་གི་གྲོང་ཁྱེར་ཡོ་ཀོ་ཧ་མར་༧ཞབས་སོར་བདེ་བར་འཁོད་གནང་མཛད་ཡོད་པ་རེད། ཕྱི་ཚེས་ ༡༤ ཉིན་གྱི་སྔ་དྲོ་ཉི་ཧོང་དང་ཤར་ཨེ་ཤེ་ཡའི་སྐུ་ཚབ་དོན་གཅོད་ཁང་གིས་ཇི་ལྟར་གསོལ་འདེབས་གནང་བ་ལྟར། ཡོ་ཁོ་ཧ་མ་རྒྱལ་ཡོངས་ཚོགས་ཁང་ (National Convention Hall of Yokohama) དུ་ཤེས་རབ་སྙིང་པོ་དང་རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་རྟེན་འབྲེལ་བསྟོད་པ། སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པའི་སྒོམ་རིམ་བར་པ་བཅས་ཀྱི་ཆོས་འབྲེལ་སྩལ་གནང་མཛད་རྒྱུ་མ་ཟད། ཕྱི་ཚེས་ ༡༥ ཉིན་གྱི་སྔ་དྲོ་དད་ལྡན་ཆོས་ཞུ་བ་རྣམས་ལ་སྤྱན་རས་གཟིགས་འཇིག་རྟེན་དབང་ཕྱུག་གི་བཀའ་དབང་བཀའ་དྲིན་ཆེ་རྒྱུ་དང་   ཕྱི་ཚེས་ ༡༦ ཉིན་ཚན་རིག་མཁས་པ་གསུམ་གྱིས་ནང་པའི་ཚན་རིག་དང་། དེང་རབས་ཚན་རིག་དབར་བགྲོ་གླེང་ལྷན་ཚོགས་ཐོག་ཆིབས་སྒྱུར་བཀའ་དྲིན་བསྐྱང་ནས་བཀའ་སློབ་སྩལ་རྒྱུ་ཡིན་པ་རེད། དེ་ནས་མུ་མཐུད་ཉིན་གྲངས་འགའ་ཤས་ཞིག་གི་རིང་ཉི་ཧོང་ནས་སྐུ་བཞུགས་གནང་རྒྱུན་རིང་མཛད་འཕྲིན་རིམ་པ་བསྐྱང་གནང་འཆར་ཡོད་འདུག

གསར་འགོད་པ་དབྱངས་སྒྲོན།

མཆན། (0)
Share
དྲ་གནས་ཆ་ཚང༌།