༧གོང་ས་མཆོག་གིས་རྒྱ་གར་གྱི་སྲིད་བློན་ཟུར་པ་མཆོག་དྲག་སྐྱེད་ཡོང་བའི་ཐུགས་སྨོན་གསུང་འཕྲིན་བསྩལ།

2021.04.20
༧གོང་ས་མཆོག་གིས་རྒྱ་གར་གྱི་སྲིད་བློན་ཟུར་པ་མཆོག་དྲག་སྐྱེད་ཡོང་བའི་ཐུགས་སྨོན་གསུང་འཕྲིན་བསྩལ། རྒྱ་གར་གྱི་སྲིད་བློན་ཟུར་པ་སྐུ་ཞབས་མན་མོ་ཧན་སིན་ (Manmohan Singh)་ལགས་དང་བོད་ཀྱི་དབུ་ཁྲིད་སྤྱི་ནོར་༧གོང་ས་མཆོག་རྣམ་གཉིས། ༡༡/༡༠/༢༠༡༨
OHHDL

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་སྲིད་བློན་ཟུར་པ་སྐུ་ཞབས་མན་མོ་ཧན་སིན་ (Manmohan Singh)ལགས་སུ། ཏོག་དབྱིབས་རིམས་ནད་(Covid-19)ཀྱི་ནད་རྟགས་ཐོན་པ་དེ་ནས་མགྱོགས་མྱུར་དྲག་སྐྱེད་ཡོང་བའི་ཐུགས་སྨོན་གསུང་འཕྲིན་སྩལ་གནང་འདུག
འདི་ཚེས་༢༠ཉིན་དགའ་ལྡན་ཕོ་བྲང་ཡིག་ཚང་གི་དྲ་རྒྱ་བརྒྱུད་ནས་གནས་ཚུལ་སྤེལ་གནང་དོན་ལྟར་ན། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་སྲིད་བློན་ཟུར་པ་(Manmohan Singh)ལགས་སུ། ཏོག་དབྱིབས་རིམས་ནད་(Covid-19)འགོས་ཡོད་པའི་གནས་ཚུལ་གསན་རྟོགས་བྱུང་མ་ཐག སྲིད་བློན་ཟུར་པ་མཆོག་ལ་གསུང་འཕྲིན་ཞིག་བསྩལ་བའི་ནང་། སྲིད་བློན་ཟུར་པ་(Manmohan Singh)སྐུ་ཉིད་འཕྲལ་དུ་དྲག་སྐྱེད་ཡོང་བར་ངོས་ཀྱིས་སྨོན་ལམ་འདེབས་ཀྱི་ཡོད། ཁྱེད་ཀྱིས་མཁྱེན་གསལ་ལྟར། སྐུ་ཉིད་ལ་ངོས་ནས་གུས་བརྩི་ཆེན་པོ་ཞུ་བཞིན་ཡོད། ཁྱེད་ནི་ངོས་ཀྱི་གྲོགས་པོ་རྙིང་པ་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད།
དེ་བཞིན་ད་སྐབས་གོ་ལ་ཧྲིལ་བོར་ཏོག་དབྱིབས་ནད་ཡམས་ཀྱིས་ཉེན་ཁ་དང་དཀའ་ངལ་སྤྲོད་ཀྱི་ཡོད་པ་འདི་དག་གང་མགྱོགས་མེད་པར་འགྱུར་བར་ཐུགས་རེ་གནང་བཞིན་ཡོད་པ་བཀའ་སྩལ་འདུག
དགུང་གྲངས་༨༨་ལ་ཕེབས་པའི་རྒྱ་གར་གྱི་སྲིད་བློན་ཟུར་པ་(Manmohan Singh)ལགས་སུ། ཚ་བ་རྒྱས་པ་ལ་སོགས་པའི་ཏོག་དབྱིབས་རིམས་ནད་ཀྱི་ནད་རྟགས་ཐོན་པར། ཕྱི་ཚེས་༢༠ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཡོད་པའི་(AIIMS)སྨན་ཁང་ནང་སྨན་བཅོས་གནང་བཞིན་ཡོད་པ་རྒྱ་གར་གྱི་གསར་ལམ་ཁག་གིས་གནས་ཚུལ་སྤེལ་འདུག
ཁོང་གིས་རྒྱ་གར་ནང་ནས་བཟོས་པའི་(COVAXIN)ཞེས་པའི་ཏོག་དབྱིབས་ནད་ཡམས་སྔོན་འགོག་གི་སྨན་ཁབ་དང་པོ་དེ་ཕྱི་ཟླ་༣ཚེས་༤ཉིན་བསྐྱོན་ཡོད་པ་དང་། སྨན་ཁབ་གཉིས་པ་དེ་འདི་ཟླའི་ཚེས་༣་ཉིན་བསྐྱོན་འདུག
ད་སྐབས་རྒྱ་གར་ནང་ཐོག་མར་རྒྱ་ནག་ཝུའུ་ཧན་ནས་བྱུང་བའི་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་རིམ་པ་གཉིས་པ་ཞིག་བྱུང་ནས་གནས་སྟངས་ཇེ་སྡུག་ཏུ་ཕྱིན་པར་བརྟེན། འདི་ཚེས་༡༩རེས་གཟའ་ཟླ་བ་ཉིན་གཅིག་པོར་མི་གྲངས་༢༧༣༨༡༠ལ་ཏོག་དབྱིབས་རིམས་ནད་འགོས་པའི་ཁྲོད་ནས་མི་གྲངས་༡༦༡༩འདས་གྲོངས་སུ་ཕྱིན་འདུག་ལ། ད་བར་རྒྱ་གར་ནང་ཏོག་དབྱིབས་རིམས་ནད་འགོས་པའི་ནད་པའི་གྲངས་འབོར་མི་གྲངས་ས་ཡ་༡༥བྱུང་ཡོད་པ་དང་། དེ་ནི་ཨ་མི་རི་ཀའི་རྗེས་སུ་ནད་པ་མང་ཤོས་ཡོད་པའི་རྒྱལ་ཁབ་གཉིས་པ་དེ་ཆགས་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
མེ་ཊ་ཡིས་ངོ་དེབ་ཀྱི་ནང་དོན་ལ་ཚོད་འཛིན་གྱིས་རྒྱ་ནག་གི་མངོན་འདོད་གྲུབ་བཞིན་ཡོད་པ། མེ་ཊའི་ལས་ཟུར་ཞིག་གིས་ཨ་རིའི་གྲོས་ཚོགས་སུ་རྭ་སྤྲོད་བྱས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་མཆོག་སྤྲུལ་ཧཱུྃ་ཀར་རྡོ་རྗེ་མཆོག་སྐུ་གྲོངས་བ་དང་འབྲེལ་ཁོང་གི་པར་རིས་སྤྱི་ཚོགས་དྲ་ལམ་དུ་སྤེལ་སྐོར་ཡུལ་མི་མང་པོར་འདྲི་རྩད་འབོད་འགུག་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎