༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་གཞན་ཕན་བྱང་ཆུབ་ཀྱི་སེམས་སྦྱོང་ནི་ཉམས་ལེན་གྱི་མཐིལ་དུ་བཟུང་དགོས་པའི་བཀའ་སློབ་ཕེབས་པ།

2022.08.12
Share on WhatsApp
Share on WhatsApp
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་གཞན་ཕན་བྱང་ཆུབ་ཀྱི་སེམས་སྦྱོང་ནི་ཉམས་ལེན་གྱི་མཐིལ་དུ་བཟུང་དགོས་པའི་བཀའ་སློབ་ཕེབས་པ། ཕྱི་ཟླ་༨པའི་ཚེས་༡༢ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་དྭགས་དཀར་འཁྱིལ་རྫོང་དུ་ཆགས་པའི་ཟངས་དཀར་གྲུ་འཛིན་ཕྲོ་བྲང་དུ།
Photo: RFA

༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་གཞན་ཕན་བྱང་ཆུབ་ཀྱི་སེམས་སྦྱོང་ནི་ཉམས་ལེན་གྱི་མཐིལ་དུ་བཟུང་དགོས་པའི་བཀའ་སློབ་ཕེབས་པ།
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཟངས་དཀར་གྱི་དད་ལྡན་མི་མང་ཁྲི་ཚོ་བརྒལ་བར་བྱང་ཆུབ་ཀྱི་སེམས་ནི་རང་གཞན་གྱི་དོན་གཉིས་ཀ་གྲུབ་པའི་ཐབས་མེད་དུ་མི་རུང་བ་ཡིན་པ་བཀའ་གནང་ཡོད་པ་རེད།
ཕྱི་ཟླ་༨པའི་ཚེས་༡༢ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་དྭགས་དཀར་འཁྱིལ་རྫོང་དུ་ཆགས་པའི་ཟངས་དཀར་གྲུ་འཛིན་ཕྲོ་བྲང་གི་གསུང་ཆོས་ར་བའི་ནང་། ཟངས་དཀར་ཡུལ་མི་གཙོས་པའི་དད་ལྡན་ཆོས་ཞུ་བ་ཆིག་ཁྲི་ལྔ་སྟོང་ལྷག་ལ། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དང་དོན་དམ་བྱང་ཆུབ་ཀྱི་སེམས་གཉིས་ཟུང་དུ་འཇུག་པའི་ཐོག་ནས་ཉམས་ལེན་བྱེད་པའི་ཐབས་ཐམས་ཅད་རྣལ་འབྱོར་གྱི་སེམས་བསྐྱེད་ཀྱི་ཐོག་ནས་བྱང་ཆུབ་སེམས་པའི་སྡོམ་པ་བོག་ཆོག་མཛད་ཡོད་པ་རེད།
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བྱང་ཆུབ་ཀྱི་སེམས་ནི་རང་དང་གཞན་གཉིས་ཀའི་དོན་མ་ལུས་པ་གྲུབ་པར་མེད་དུ་མི་རུང་བ་ཞིག་ཡིན་སྟབས། ཚང་མས་སྙིང་ཁོངས་རུས་པའི་སྟེང་ནས་གཞན་ཕན་བྱང་ཆུབ་ཀྱི་སེམས་སྦྱོང་ནི་ཉམས་ལེན་གྱི་མཐིལ་དུ་བཟུང་དགོས་པའི་བཀའ་སློབ་ཕེབས་ཡོད་པ་རེད་ལ། དེ་ཡང་དེར་འདུས་མི་ཙམ་མ་ཟད། ས་གནས་དེར་གནས་པའི་ཡུལ་ལྷ་གཞི་བདག་ལ་སོགས་པ་ལྷ་འདྲེ་གདོན་གེགས་ཚོས་ཀྱང་ད་ནས་བཟུང་བྱང་ཆུབ་སེམས་ཀྱི་ཉམས་ལེན་གང་ཐུབ་བྱེད་དེ་གཞན་ལ་ཕན་པ་ལས་གནོད་འཚེའི་ལས་རྩ་བ་ནས་བྱེད་རྒྱུ་མེད་པའི་དམ་བཅའ་འཇོག་དགོས་པ་བཀའ་གནང་འདུག
ལྷག་པར་དུ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་ལུགས་ནང་རིགས་རུས་དང་ཕོ་མོའི་དབྱེ་བ་གང་ཡང་མེད་སྟབས། གྲྭ་བཙུན་སྔགས་གསུམ་དང་།
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་སྐུ་ན་ཆུང་དུས་ནས་ནང་པའི་གཞུང་ལུགས་དང་གསན་བསམ་དང་ཕྱག་བཞེས་གནང་སྟེ་ཐུགས་རྟོགས་གང་བྱུང་བ་རྣམས། དད་ལྡན་དོན་གཉེར་ཅན་པ་ཚོར་གང་ཐུབ་ངོ་སྤྲོད་གནང་བཞིན་ཡོད་པ་བཀའ་གནང་ཞིང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་བརྩི་བཀུར་ཞུ་མཁན་ཚོས་ཀྱང་། སྐྱབས་སུ་མཆི་ཟེར་དད་པ་བྱེད་པ་ཙམ་མིན་པར་༸རྒྱལ་བ་རིན་པོ་ཆེས་སློབ་གཉེར་གང་འདྲ་གནང་གི་ཡོད་མེད་དང་། སྒོམ་གང་འདྲ་རྒྱག་གི་ཡོད་མེད་བཅས་ཤེས་པ་བྱས་ཏེ་རང་རྒྱུད་ལ་ཡང་འགྱུར་བའི་ཆེད་ཆོས་ལ་སློབ་སྦྱོང་བྱེད་པའི་ཐོག་ནས་ཉམས་ལེན་བྱེད་དགོས་པ་ནི་ཧ་ཅང་གལ་ཆེན་པོ་ཡིན་པ་བཀའ་གནང་འདུག
ཐེངས་འདིར་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཕྱི་ཚེས་༡༡ཉིན་ལ་དྭགས་ལིང་ཤེད་དགོན་གྱི་དབྱར་ཆོས་གྲུབ་པ་དང་། ཟངས་དཀར་ནང་ཚོགས་དང་དགོན་ཚོགས་གཉིས་ནས་གསོལ་འདེབས་ཞུས་པ་བཞིན་ཟངས་དཀར་དུ་ཉིན་གྲངས་གཉིས་རིང་ཞབས་སོར་བཀྲིན་ཆེ་གནང་གིས་ཆོས་འབྲེལ་གསུང་ཆོས་སྩལ་གནང་མཛད་རྒྱུ་ཡིན་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཆབ་སྲིད་བཙོན་ཟུར་དགའ་ཤར་ལྷོ་པ་དགེ་བཤེས་ཕུན་ཚོགས་དར་རྒྱས་ལགས་དགོངས་པ་རྫོགས་པ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎