ཡུ་རོབ་ཕྱི་འབྲེལ་བློན་ཆེན་གྱིས་རྒྱ་གཞུང་ལ་ནན་སྐུལ།

ཡུ་རོབ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་འབྲེལ་བློན་ཆེན་གྱིས་བོད་ཀྱི་གནད་དོན་ཐོག་རྒྱ་ནག་གཞུང་གིས་གྲོས་མོལ་བསྐྱར་གསོ་གནང་དགོས་གསུངས་བ།

2009-03-30
Share

༄༅༎ཡུ་རོབ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་འབྲེལ་བློན་ཆེན་མཆོག་གིས་རྒྱ་ནག་གི་འབྲེལ་ཡོད་དཔོན་རིགས་རྣམས་ལ་བོད་ཀྱི་གནད་དོན་ཐོག་གྲོས་མོལ་གནང་དགོས་པའི་སྐོར་དེ་རིང་རེས་གཟའ་ཟླ་བའི་ཉིན་གསུངས་པའི་གནས་ཚུལ་ཐོན་འདུག

དེ་ཡང་བོད་ཀྱི་གསར་འགྱུར་དྲ་རྒྱ་ཕ་ཡུལ་གྱི་གནས་ཚུལ་ཁྱབ་སྤེལ་གནང་དོན་ལྟར་ན་ཡུ་རོབ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་འབྲེལ་བློན་ཆེན་ཕེ་རེ་རོ་ལྦོལ་ཌི་ནར་མཆོག་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་ཕེབས་ཡོད་པ་དང་ཁོང་གིས་རྒྱ་ནག་གི་སྲིད་འཛིན་གཞོན་པ་ལི་ཁོ་ཆང་མཆོག་དང་ཕྱི་འབྲེལ་བློན་ཆེན་ཡང་ཅེ་ཁྲི་གཉིས་དང་ལྷན་དུ་མཇལ་འཕྲད་གནང་ཡོད་པ་དང་སྐབས་དེར་ཡུ་རོབ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་འབྲེལ་བློན་ཆེན་མཆོག་གིས་བོད་ཀྱི་གནད་དོན་ཐོག་རྒྱ་ནག་གཞུང་གིས་གྲོས་མོལ་བསྐྱར་གསོ་གནང་དགོས་པ་དང་བོད་ཀྱི་ཕྱོགས་ནས་རྒྱ་ནག་གི་འབྲེལ་ཡོད་དཔོན་རིགས་རྣམས་ལ་ཕུལ་བའི་ཡིག་ཆའི་ངོ་བཤུ་ཕྱག་སོན་བྱུང་ཡོད་པ་ངོས་ལེན་གནང་ཡོད་པའི་སྐོར་གནས་ཚུལ་སྤེལ་འདུག

ཡུ་རོབ་ཀྱི་ཕྱི་འབྲེལ་བློན་ཆེན་མཆོག་གིས་རྒྱ་ནག་གི་དཔོན་རིགས་རྣམས་དང་མཇལ་འཕྲད་གནང་གྲུབ་པའི་རྗེས་གསར་འགོད་པར་འགྲེལ་བརྗོད་གནང་བའི་ནང་རྒྱ་ནག་གིས་བོད་ཀྱི་ཕྱོགས་ནས་འདོད་ཚུལ་གང་ཡོད་པ་དེ་ཡིག་ཐོག་དགོས་པའི་དགོས་འདུན་རྒྱུན་རིང་དུ་བཏོན་གནང་པ་ལྟར་ད་ཆ་ཡིག་ཐོག་ཏུ་དགོས་འདུན་ཕུལ་བ་དེའི་ནང་དོན་གྱི་ཐོག་ནས་རྒྱ་ནག་གིས་བོད་ཀྱི་ས་ཁུལ་ཐོག་གི་བདག་དབང་དང་ས་མཚམས་གཅིག་བསྒྲིལ་གྱི་གནད་དོན་ཆེ་བ་གཉིས་ལ་དོ་ཕོག་འགྲོ་བའི་བརྗོད་བྱ་གང་ཡང་བཀོད་མེད་པའི་ཐོག་ནས་གྲོས་མོལ་གནང་བདེ་བ་ཡོད་པའི་དགོངས་ཚུལ་གསར་འགོད་པར་འགྲེལ་བརྗོད་གནང་འདུག དེ་མ་ཟད་ཁོང་གིས་མུ་མཐུད་ནས་གསར་འགོད་པར་འགྲེལ་བརྗོད་གནང་བའི་ནང་ཐེངས་འདིར་རྒྱ་ནག་གི་དཔོན་རིགས་དང་བོད་ཀྱི་གནད་དོན་སྐོར་གྲོས་མོལ་གནང་བའི་སྐབས་ཁོང་ཁྲོའི་རྣམ་འགྱུར་ལ་འགྱུར་བ་ཕྱིན་པའི་གཟིགས་ཚུལ་བྱུང་ཡོད་ཀྱང་པེ་ཅིང་གཞུང་གིས་བོད་ཀྱི་གནད་དོན་ཐོག་འཛིན་པའི་སྲིད་བྱུས་ལ་འགྱུར་བ་ཕྱིན་པའི་རྟགས་མཚན་མཐོང་རྒྱུ་མེད་པ་བཅས་ཀྱི་གནས་ཚུལ་གསལ་བཤད་གནང་བའི་གནས་ཚུལ་ཐོན་འདུག།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།