ཝུ་ཧཱན་རྫས་འགྱུར་བཟོ་གྲྭའི་ལས་མི་ཚོའི་སྨན་བཅོས་ཡིག་ཆ་ཕྱིར་བསྒྲགས་དགོས་པའི་འབོད་སྐུལ།

2021-06-05
Share
ཝུ་ཧཱན་རྫས་འགྱུར་བཟོ་གྲྭའི་ལས་མི་ཚོའི་སྨན་བཅོས་ཡིག་ཆ་ཕྱིར་བསྒྲགས་དགོས་པའི་འབོད་སྐུལ། ཝུ་ཧཱན་རྫས་འགྱུར་བཟོ་གྲྭའི་ལས་མི་ཚོའི་སྨན་བཅོས་ཡིག་ཆ་ཕྱིར་བསྒྲགས་དགོས་པའི་འབོད་སྐུལ།
ཨེ་ཨེཕ་པི།

དེ་ཡང་རེས་གཟའ་ཕུར་བུའི་ཉིན་དཔལ་འབྱོར་གསར་ཤོག་ཐོག་ལ་།་ཨ་མི་རི་ཀའི་ནང་གི་འགོས་ནད་ད་ཀྱི་གཙོ་བོའི་སྨན་པ་མཁས་པ་Anthony Fauci ཡིས་ཝུ་ཧཱན་གྱི་སྨན་རྫས་བཟོ་གྲྭའི་ལས་མི་དགུ་ལ་སྨན་བཅོས་བྱས་པའི་ཡིག་ཆ་ཕྱིར་བསྒྲགས་བྱ་དགོས་པ་དང་།མི་དགུ་པོ་དེ་དག་ནི་ཏོག་དབྱིབས་གཉན་སྲིན་ཐོག་མར་ཐོན་ཡུལ་རྒྱ་ནག་གི་ཝུ་ཧཱན་གྲོང་ཁྱེར་གྱི་སྨན་རྫས་བཟོ་གྲྭ་ནས་ཁྱབ་གདལ་ཕྱིན་ཡོད་སྲིད་པའི་འབྱུང་རྩ་གཙོ་བོ་ཡིན་སྲིད་པའི་སྐོར་གསུངས་ཡོད་ལུགས་བཀོད་སྤེལ་བྱས་ཡོད་པ་རེད།
སྨན་པ་Fauci ཡིས་།་༢༠༡༩ ལོར་ཝུ་ཧཱན་གྲོང་ཁྱེར་གྱི་སྨན་རྫས་བཟོ་གྲྭ་ནས་ནད་མནར་བྱུང་བའི་ལས་མི་གསུམ་གྱི་སྨན་བཅོས་ཀྱི་ལོ་རྒྱུས་ལ་བལྟ་འདོད་འདུག ཁོང་ཚོ་དངོས་འབྲེལ་ན་ཡོད་མེད་དང་།གལ་ཏེ་དངོས་འབྲེལ་གྱི་ན་ཡོད་ཚེ་ཁོང་ཚོ་ན་ཚ་ག་རེ་ན་ཡོད་མེད་སྐོར་ལ་ལྟ་འདོད་འདུག་གསུངས་ཏེ་ལས་མི་དགུ་ནས་གསུམ་གྱི་སྐོར་གསལ་སྟོན་གནང་ཡོད་ལུགས་གོང་གསལ་དཔལ་འབྱོར་གསར་ཤོག་ཐོག་ལུང་འདྲེན་བྱས་ཏེ་བཀོད་སྤེལ་བྱས་ཡོད་པ་རེད་འདུག
ཏོག་དབྱིབས་གཉན་སྲིན་གྱི་འབྱུང་ཁུངས་ངོ་མ་ངོས་འཛིན་གནང་ཕྱོགས་ཐད་ལ་རྩོད་གཞིའི་གནད་དོན་ཞིག་ཏུ་འགྱུར་ཡོད་པ་དང་ཆབས་ཅིག་ཏོག་དབྱིབས་གཉན་སྲིན་དེ་འགོས་པའི་ཐོག་མའི་ནད་པ་ཐོན་པའི་གནས་ཚུལ་མ་བཏོན་པའི་ཟླ་བ་གཅིག་གི་གོང་ལ་རྒྱ་ནག་གི་ཝུ་ཧཱན་གྲོང་ཁྱེར་ནང་གི་རྒྱ་ནག་གི་Virology སྨན་རྫས་བརྟག་དཔྱད་ཞིབ་འཇུག་པ་ཁག་ཅིག་ཛ་དྲག་ནད་མནར་བྱུང་བའི་གནས་ཚུལ་ཐད་ལ་ཨ་མི་རི་ཀའི་གསང་བའི་ལས་ཁུངས་ཀྱི་མུ་མཐུད་ནས་ཞིབ་འཇུག་བྱེད་མུས་ཡིན་པ་རེད།
འོན་ཀྱང་རྒྱ་ནག་གི་ཚན་རིག་པ་དང་།དཔོན་རིགས་ནས་ཏོག་དབྱིབས་གཉན་སྲིན་དེ་རྒྱ་ནག་གི་ཝུ་ཧཱན་གྲོང་ཁྱེར་གྱི་སྨན་རྫས་བཟོ་གྲྭ་ནས་ཁྱབ་གདལ་ཕྱིན་པའི་གནས་ཚུལ་ཐད་ལ་མཐའ་གཅིག་ཏུ་ངོས་ལེན་མི་བྱེད་པ་མ་ཟད།ཏོག་དབྱིབས་གཉན་སྲིན་དེ་ནི་ཐོག་མར་རྒྱ་ནག་གི་ཝུ་ཧཱན་གྲོང་ཁྱེར་ནས་མ་ཐོན་པའི་སྔོན་ལ་རྒྱལ་ཁབ་གཞན་ལ་ཁྱབ་གདལ་ཕྱིན་ཡོད་སྲིད་པ་དང་།རྒྱལ་ཁབ་དེ་དག་ནས་རྒྱ་ནག་ནང་དུ་འཁྱགས་པ་བཏང་བའི་ཟ་བཅའི་དངོས་ཟོག་གམ་ཡང་ན་སེམས་ཅན་ཚོང་རིགས་ནང་འདྲེན་བྱེད་པའི་སྐབས་ལ་རྒྱ་ནག་ནང་དུ་སླེབས་པ་ཡིན་སྲིད་པའི་སྐོར་ཤོད་ཀྱི་ཡོད་པ་རེད།
གང་ལྟར་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་Wang Wenbin གྱིས་རྒྱ་ནག་གཞུང་གིས་ཝུ་ཧཱན་གྲོང་ཁྱེར་གྱི་སྨན་རྫས་བཟོ་གྲྭའི་ཞིབ་འཇུག་པ་དགུ་ནད་མནར་བྱུང་བའི་སྨན་བཅོས་ཀྱི་ལོ་རྒྱུས་ཕྱིར་བསྒྲགས་དགོས་པའི་འབོད་སྐུལ་གྱི་གནས་ཚུལ་ཐོན་པ་དེའི་ཐད་ལ་ཐད་ཀའི་ལན་འདེབས་མ་བྱས་པ་མ་ཟད།ཝུ་ཧཱན་གྱི་སྨན་རྫས་བཟོ་གྲྭ་ནི་ཏོག་དབྱིབས་གཉན་སྲིན་ཁྱབ་གདལ་དང་འབྲེལ་བ་མེད་པའི་སྐོར་བཤད་ཡོད་པ་རེད།།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།