དཔལ་ལུང་ཕྱོཊ་ཀྱི་སྡེ་བ་གཉིས་ཀྱི་བར་མ་མཐུན་པ་བྱུང་འདུག

2017-06-01
གློག་འཕྲིན།
མཆན།
Share
པར་བཀོད།
དཔའ་ལུང་རྫོང་ཁོངས་ཀྱི་བོད་མི་དང་ཁ་ཆེ་སྡེ་བ་གཉིས་བར་འཁྲུག་འཛིང་ཤོར་ཡུལ། ༢༠༡༧།༦།༡
དཔའ་ལུང་རྫོང་ཁོངས་ཀྱི་བོད་མི་དང་ཁ་ཆེ་སྡེ་བ་གཉིས་བར་འཁྲུག་འཛིང་ཤོར་ཡུལ། ༢༠༡༧།༦།༡
བོད་འབྱོར།

མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་དཔའ་ལུང་རྫོང་ཁོངས་ཀྱི་སྡེ་བ་གཉིས་ཀྱི་བར་མ་མཐུན་པ་བྱུང་ནས་གནས་སྟངས་ཛ་དྲག་ལ་གྱུར་འདུག
དེ་ཡང་འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་འབྱོར་བ་ལྟར་ན། མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་བཱ་ཡན་ནམ་དཔའ་ལུང་རྫོང་ཁོངས་ཀྱི་གཞི་རྩ་སྡེ་བ་དང་མཐར་དགའ་སྡེ་བ་གཉིས་བར་ཁུལ་དེའི་གཞུང་ཆུའི་ཁ་བསྒྱུར་ཕྱོགས་ཐད་མ་མཐུན་པ་བྱུང་བཞིན་པ་ལྟར། སྤྱི་ལོ་༢༠༡༧ལོའི་ཟླ་༦པའི་ཚེས་༡་ཉིན་གཞུང་ཆུའི་ཁ་མཐར་དགའ་སྡེ་བའི་ཕྱོགས་སུ་བསྒྱུར་ཐབས་བྱེད་བཞིན་པའི་སྐབས་མ་མཐུན་པ་བྱུང་ནས་གནས་སྟངས་ཛ་དྲག་ལ་གྱུར་ཉེན་ལ་བརྟེན་ས་གནས་རྒྱ་ནག་གི་དྲག་ཆས་ཉེན་རྟོག་དམག་མི་མང་པོ་ས་གནས་སུ་འབྱོར་ནས་གནས་སྟངས་ཞི་འཇགས་ལ་གཏོང་ཐབས་བྱས་ཀྱང་མ་ཕན་པར་ཉེན་རྟོག་པ་དང་རྫུང་ཐུག་བྱུང་འདུག
གནས་ཚུལ་ངོ་སྤྲོད་པ་རྡོ་རྗེ་འབུམ་གྱིས་བརྗོད་དོན། ཁོང་ལ་གནས་ཚུལ་འབྱོར་བ་ལྟར་ན། ས་གནས་རྒྱ་ནག་གི་ཉེན་རྟོག་པ་ཚོས་གཞི་རྩ་སྡེ་བའི་བོད་མི་འགོ་བ་གཉིས་འཛིན་བཟུང་བྱས་ཡོད་པ་དང་། གནས་སྟངས་དེ་ལ་བརྟེན་མང་ཚོགས་ཚོས་ཆུ་རྩོད་འཁྲུག་འཛིང་དྲང་བདེན་གྱིས་ཐག་གཅོད་དགོས་བ་དང་། ལྷག་དོན་གཞི་རྩ་སྡེ་བར་བདེན་པ་ཡོད་པས་འཛིན་བཟུང་བྱས་བའི་བོད་མི་གཉིས་གློད་གྲོལ་དགོས་རྒྱུར་ངོ་རྒོལ་བྱས་སྐབས་ཉེན་རྟོག་པ་དང་གདོང་ཐུག་བྱུང་ནས་བོད་མི་དང་ཉེན་རྟོག་པ་ཁ་ཤས་ལ་རྨས་སྐྱོན་ཕོག་ཡོད་པ་བརྗོད་བྱུང་།
གནས་ཚུལ་ངོ་སྤྲོད་པས་བརྗོད་ན། གོང་གི་བཱ་ཡན་གཞི་རྩ་སྡེ་བ་ནི་བོད་རིགས་སྡེ་བ་དང་། མཐར་དགའ་སྡེ་བ་ནི་ཁ་ཆེ་ཡིན་པ་རེད་འདུག་ལ་སྡེ་བ་དེ་གཉིས་རྒྱ་ནག་གིས་ཆ་བགོས་བྱས་བའི་མཚོ་སྔོན་ཞིང་ཆེན་མཚོ་ཤར་བཱ་ཡན་ཁ་ཆེ་རང་སྐྱོང་རྫོང་ཁོངས་ཡིན་པ་རེད།
ད་ཆ་ས་གནས་ཀྱི་གནས་སྟངས་ཛ དྲག་ཡིན་པ་དང་། ཞིབ་ཕྲའི་གནས་ཚུལ་འདི་ག་རླུང་འཕྲིན་ཁང་གིས་མུ་མཐུད་དུ་རྩད་གཅོད་བྱེད་བཞིན་པ་ཡིན།

གསར་འགོད་པ་ཀླུ་འབུམ།

མཆན། (0)
Share
དྲ་གནས་ཆ་ཚང༌།