བོད་ཀྱི་ཆབ་སྲིད་བཙོན་ཟུར་དཀོན་མཆོག་བློ་གྲོས་ལགས་གློ་བུར་དུ་འདས་གྲོངས་སུ་གྱུར་འདུག

2023.12.14
བོད་ཀྱི་ཆབ་སྲིད་བཙོན་ཟུར་དཀོན་མཆོག་བློ་གྲོས་ལགས་གློ་བུར་དུ་འདས་གྲོངས་སུ་གྱུར་འདུག བོད་ཀྱི་ཆབ་སྲིད་བཙོན་ཟུར་དཀོན་མཆོག་བློ་གྲོས་ལགས་གློ་བུར་དུ་འདས་གྲོངས་སུ་གྱུར་འདུག
ཆབ་སྲིད་བཙོན་ཟུར་ངག་དབང་གསང་གྲོལ། ཨེ་ཨེཕ་པི།

ཕྱི་ལོ་༡༩༩༢ ལོར་རྒྱ་ནག་གཞུང་གིས་སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་ཞེས་པའི་ཚོགས་འདུ་ཞིག་སྐོང་ཚོགས་བྱས་པའི་སྐབས་ངོ་རྒོལ་བྱས་པར་བརྟེན་ནས་ལོ་ངོ་ ༡༣ གྱི་རིང་བཙོན་འཇུག་ཉེས་ཆད་ཕོག་པའི་བོད་ཀྱི་ཆབ་སྲིད་བཙོན་ཟུར་དཀོན་མཆོག་བློ་གྲོས་ལགས་རྒྱ་ནག་གཞུང་གིས་ ༡༩༩༢ ལོར་འཛིན་བཟུང་གིས་བཙོན་དུ་ཉེས་རྡུང་དྲག་པོ་བཏང་པའི་རྐྱེན་གྱིས་༡༩༩༥ལོའི་ལོ་མཇུག་ལ་སྨན་བཅོས་ཀྱི་མིང་ཐོག་ནས་བཙོན་གྲོལ་བཏང་ཡོད་ཀྱང་། སྐབས་དེ་དུས་ལུས་པོ་གཅོང་ནད་ཅན་དུ་གྱུར་ཡོད་པ་ཁོང་ལ་རྒྱུས་ཡོད་པའི་མི་སྣ་ཁ་ཤས་ཀྱིས་འགྲེལ་བརྗོད་གནང་བྱུང་ལ། དཀོན་མཆོག་བློ་གྲོས་ལགས་ཉེ་ལམ་ཕྱི་ཟླ་ ༡༢ ཚེས་ ༡༡ ཉིན་འདས་གྲོངས་སོང་བའི་ཉིན་གཅིག་གི་གོང་ལ་སྙུང་གཞི་སོགས་གང་ཡང་མེད་པ་བདེ་ཐང་ཡིན་ཡང་གློ་བུར་དུ་འདས་གྲོངས་སུ་གྱུར་ཡོད་པ་དེང་སྐབས་སུད་སི་ནང་བཞུགས་ཡོད་པ་ཁོང་གི་བཙོན་གྲོགས་བསོད་ནམས་རྡོ་རྗེ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་དུ་གནས་ཚུལ་ངོ་སྤྲོད་གནང་བྱུང་།
ཡང་ཆབ་སྲིད་བཙོན་ཟུར་ངག་དབང་གསང་གྲོལ་ལགས་ཀྱིས་འདི་ག་རླུང་འཕྲིན་ཁང་དུ་གནས་ཚུལ་ངོ་སྤྲོད་གནང་དོན་ལྟར་ན། ཚེ་འདས་ཆབ་སྲིད་བཙོན་ཟུར་དཀོན་མཆོག་བློ་གྲོས་ལགས་གྲྭ་བཞི་བཙོན་ཁང་ནང་ལོ་མང་མནར་གཅོད་མྱངས་གནང་ཡོད་པ་རེད་ཅེས་དང་། ཁོང་གི་འཁྲུངས་ཡུལ་ནི་བོད་དབུས་ཕྱོགས་ལྷ་སའི་ཉེ་འགྲམ་མལ་གྲོ་གོང་དཀར་རྒྱ་མ་ནས་ཡིན་ཞིང་། ཕྱི་ལོ་ ༡༩༩༢ ལོར་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་ཏེ་ཁོང་ལ་ལོ་ངོ་ ༡༣ གྱི་བཙོན་འཇུག་ཁྲིམས་ཐག་བཅད་ནས་ལྷ་ས་གྲྭ་བཞི་བཙོན་ཁང་ནང་བཙོན་འཇུག་བྱས་འདུག ༡༩༩༥ལོའི་ལོ་མཇུག་ལ་སྨན་བཅོས་ཀྱི་མིང་ཐོག་ནས་བཙོན་གྲོལ་བཏང་ཡོད་འདུག ད་ཆ་ཁོང་དགུང་གྲངས་ལྔ་བཅུ་ང་གཉིས་ཙམ་ལས་ཕེབས་མེད་ཀྱང་སྙུང་གཞི་གང་ཕོག་ཡོད་མེད་ཤེས་རྟོགས་མེད་པར་གློ་བུར་དུ་ཕྱི་ཟླ་ ༡༢ ཚེས་ ༡༡ ཉིན་གློ་བུར་དུ་འདས་གྲོངས་སུ་གྱུར་འདུག་ཅེས་དེང་སྐབས་ཨ་མི་རི་ཀའི་ནང་བཞུགས་ཡོད་པའི་བོད་ཀྱི་ཆབ་སྲིད་བཙོན་ཟུར་ངག་དབང་གསང་གྲོལ་ལགས་ཀྱིས་གསུངས་བྱུང་།
ཡང་གསང་གྲོལ་ལགས་ཀྱིས་དཀོན་མཆོག་བློ་གྲོས་ལགས་འདི་ཟླའི་ཚེས་ ༡༠ ཉིན་སྐུ་གཟུགས་བདེ་ཐང་ཡིན་འདུག་ཀྱང་། ཕྱི་ཚེས་༡༡་དགོང་དྲོ་གློ་བུར་དུ་དགོངས་པ་རྫོགས་འདུག་པས་དེ་ནི་ཡ་མཚན་ཞིག་རེད་འདུག་ཅེས་དང་བཙོན་ཟུར་མང་པོ་ཞིག་ལོ་ངོ་ ༤༠ དང་ ༥༠ ཡས་མས་འདས་གྲོངས་སུ་གྱུར་འགྲོ་གི་འདུག་ཅེས་གསུངས་བྱུང་།
དཀོན་མཆོག་བློ་གྲོས་ལགས་གཙོས་པའི་མི་སྣ་ལྔས་སྤྱི་ལོ་ ༡༩༩༢ ཟླ་ ༦ ཚེས་ ༣༠ ཉིན་རྒྱ་མ་ས་གནས་སུ་རྒྱ་ནག་གཞུང་གིས་སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་ཞེས་པའི་ཚོགས་ཆེན་ཞིག་སྐོངས་འཚོགས་བྱས་ཡོད་པ་དེའི་ཐོག་ཁོང་རྣམ་པས་བོད་ཀྱི་རྒྱལ་དར་འཕྱྭར་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་དང་། འཆར་ལྡན་བུ་བཙས་ཀྱི་སྲིད་བྱུས་ལ་ངོས་ལེན་མེད་ཅེས་སྐད་འབོད་གནང་བའི་རྗེས་ཁོང་ཚོ་རྒྱ་གཞུང་གི་ཉེན་རྟོག་པས་འཛིན་བཟུང་བྱས་པ་ཞིག་ཡིན་འདུག།
གསར་འགོད་པ། དབྱངས་སྒྲོལ།
རྩོམ་སྒྲིག་པ། བཀྲིས་དབང་ཕྱུག
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་ཕྱིའི་རོགས་དངུལ་ཡོང་ཕྱིར་ཅུང་ངང་སྲིང་དགོས་པ་གནས་ཆུང་ཆོས་རྒྱལ་ནས་བཀའ་ལུང་ཕེབས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རིའི་ཆི་ཁ་གྷོ་སྒྱུ་རྩལ་བསྟི་གནས་ཁང་གིས་དུས་རབས་བཅུ་གཉིས་པའི་སྐབས་ཀྱི་སངས་རྒྱས་ཀྱི་སྐུ་བརྙན་ཞིག་བལ་ཡུལ་དུ་ཕྱིར་སློག་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎