སེམས་གུ་ཡངས་ཀྱི་གློག་བརྙན་དུས་སྟོན་ཐེངས་༡༦་པ་དྲ་རྒྱ་བརྒྱུད་ནས་འཚོགས་བཞིན་འདུག


2020-11-14
Share
སེམས་གུ་ཡངས་ཀྱི་གློག་བརྙན་དུས་སྟོན་ཐེངས་༡༦་པ་དྲ་རྒྱ་བརྒྱུད་ནས་འཚོགས་བཞིན་འདུག ད་ལོའི་སེམས་གུ་ཡངས་ཀྱི་གློག་བརྙན་དུས་སྟོན་འདིའི་སྙིང་དོན་གཙོ་བོ་རེ་བ་ནམ་ཡང་བརླགས་རྒྱུ་མེད་སྐོར་ཡིན་པ་རེད།
དུས་སྟོན་གོ་སྒྲིག་ཚོགས་ཆུང་གི་དྲ་ཚིགས།

སེམས་གུ་ཡངས་ཀྱི་གློག་བརྙན་དུས་སྟོན་དེ་ནི་ཕྱི་ལོ་༢༠༠༤ལོར་བཞུགས་སྒར་རྡ་རམ་ས་ལར་ཐོག་མར་དབུ་འཛུགས་གནང་བ་ནས་བཟུང་ལོ་ལྟར་དུས་སྟོན་དེ་སྲུང་བརྩི་ཞུ་ཡི་ཡོད་པ་ལྟར། ད་ལོའི་དུས་ཆེན་དེ་འདི་ཟླའི་ཚེས་༡༡སྟེ་གཟའ་ལྷག་པ་སྐུའི་བླ་གཟའ་ཉིན་དབུ་འཛུགས་ཀྱིས་ཕྱི་ཚེས་༡༥་སྟེ་རེས་གཟའ་ཉི་མའི་བར་གནང་འཆར་ཡོད་པ་དང་ཡང་ད་ལོ་རྒྱ་ནག་ནས་ཐོག་མར་བྱུང་བའི་ཉེན་ཚབས་ཆེ་བའི་ཏོག་དབྱིབས་ནད་ཡམས་ཀྱི་རྐྱེན་པས་དུས་སྟོན་དེ་བཞིན་Festhome བརྙན་འཕྲིན་ལས་ཁང་བརྒྱུད་ནས་སྲུང་བརྩི་ཞུ་བཞིན་འདུག ཡང་ད་ལོ་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་གྱི་རྐྱེན་པས་སྔོན་དཔག་དཀའ་བ་དང་དཀའ་ངལ་ཆེ་བའི་གནས་སྟངས་འདིའི་འོག་ད་ལོའི་གློག་བརྙན་དུས་སྟོན་འདིའི་སྙིང་དོན་གཙོ་བོ་ཡང་རེ་བ་ནམ་ཡང་བརླགས་རྒྱུ་མེད་སྐོར་ཡིན་པ་དང་གློག་བརྙན་དུས་སྟོན་དེ་དྲ་རྒྱ་བརྒྱུད་ནས་གནང་བ་ཐེངས་དང་པོ་དེ་ཡིན་སྟབས། ད་རེས་གཟིགས་འབུལ་ཞུ་རྒྱུར་གློག་བརྙན་བཅུ་ལས་བདམས་གནང་མེད་པ་དང་གློག་བརྙན་གཅིག་ནི་Mikki Willisཡིས་བཟོ་བསྐྲུན་གནང་བའི་ Plandemic: Indoctornation ཞེས་ཏོག་དབྱིབས་ནད་འབུ་དེ་ཚན་རིག་རྟག་དཔྱད་ཁང་ནང་བཟོ་བསྐྲུན་བྱས་པ་ཞིག་ཡིན་པ་དང་གོ་ལའི་འཕྲོད་བསྟེན་ཐད་ཀྱི་དཔོན་རིགས་ཚོས་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་འགྲོ་རྒྱུ་ཤེས་ཀྱི་ཡོད་སྐོར་ཡིན་འདུག  ཡང་གཞན་གཅིག་ནི་ Dalai Lama, China, Mount Kailash-Happiness ཞེས་པའམ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག རྒྱ་ནག གངས་རིན་པོ་ཆེ། བདེ་སྐྱིད་ཅེས་པའི་གློག་བརྙན་དེ་ཡིན་པ་དང་གློག་བརྙན་དེ་ནི་Tom Vendetti ཡིས་བཀོད་སྒྲིག་གནང་བ་ཞིག་ཡིན་པ་དང་དེ་ནི་གཙོ་བོ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་འདྲི་དགོངས་སྐོར་ཞུ་སྐབས་༧མགོན་པོ་གང་ཉིད་ནས་རྒྱ་ནག་དང་བོད་ཀྱི་ཆོས་དང་རིག་གཞུང་མི་ཉམས་བརྒྱུད་འཛིན་གནང་གལ། སྟོད་གངས་རིན་པོ་ཆེའམ་གངས་དཀར་ཏི་སིའི་གལ་གནད་དང་དེ་བཞིན་བདེ་སྐྱིད་སྐོར་བཀའ་སློབ་སྩལ་གནང་མཛད་པ་ཁག་ཕྱོགས་བསྡུས་ཞུས་པའི་གློག་བརྙན་ཞིག་ཡིན་པའི་གནས་ཚུལ་འདུག།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།