བོད་ནི་རྒྱལ་སྤྱིའི་ནང་རང་དབང་ཆུང་ཤོས་ཀྱི་ས་ཁུལ་གྲས་སུ་མིང་འདོན་བྱས་འདུག

2019-02-07
གློག་འཕྲིན།
མཆན།
Share
པར་བཀོད།
རང་དབང་གི་ཁང་པའམ(Freedom House)དྲ་ངོས།
རང་དབང་གི་ཁང་པའམ(Freedom House)དྲ་ངོས།
freedomhouse

བོད་ནི་རྒྱལ་སྤྱིའི་ནང་ནས་རང་དབང་དང་ཆབ་སྲིད་ཀྱི་ཐོབ་ཐང་སྡུག་ཤོས་ཀྱི་ས་གནས་ཁོངས་སུ་བཞག་འདུག  ༼སྙན་ཐོ༽
དེ་ཡང་ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་ལ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་ལྟ་ཞིབ་གནང་མཁན་རང་དབང་གི་ཁང་པའམ(Freedom House)ཡིས་ཕྱི་ལོ་༢༠༡༩ ལོའི་རྒྱལ་སྤྱིའི་ནང་གི་རང་དབང་་(Freedom in the World 2019)ཞེས་པའི་ལོ་འཁོར་གྱི་སྙན་ཐོ་བཏོན་པ་དེའི་ནང་། འཛམ་གླིང་སྟེང་གི་རྒྱལ་ཁབ་ཁག་དང་། དེ་བཞིན་ས་ཁུལ་ཁག་གི་སྤྱི་དམངས་ཀྱི་རང་དབང་དང་ཆབ་སྲིད་ཀྱི་ཐོབ་ཐང་། ཆོས་དད་རང་དབང་སོགས་ཡག་སྡུག་ལ་གཞིགས་ནས་ཨང་གྲངས་ཀླད་ཀོར་ནས་༡༠༠ བར་སྤྲད་ཡོད་ཅིང་། ཨང་གྲངས་ཀླད་སྐོར་ནི་སྤྱི་དམངས་རང་དབང་དང་ཆབ་སྲིད་ཀྱི་ཐོབ་ཐང་ཆེས་སྡུག་ཤོས་དང་ཨང་གྲངས་༡༠༠་ནི་སྤྱི་དམངས་རང་དབང་དང་ཆབ་སྲིད་ཀྱི་ཐོབ་ཐང་ཡག་ཤོས་ཀྱི་རྒྱལ་ཁབ་གྲས་སུ་བཞག་ཡོད་པ་རེད།  བོད་ལ་མཚོན་ན་ཨང་གྲངས་༡ ལས་མ་སྤྲད་པར་རྒྱལ་སྤྱིའི་ནང་གི་སྤྱི་དམངས་ཀྱི་རང་དབང་དང་། ཆབ་སྲིད་ཀྱི་ཐོབ་ཐང་། དེ་བཞིན་ཆོས་དད་རང་དབང་སོགས་སྡུག་ཤོས་ཀྱི་གྲས་སུ་བཅུག་ཡོད་པ་རེད།  བོད་ཀྱི་འོག་ཏུ་དཀྱིལ་ཤར་ཡུལ་གྲུ་སི་རི་ཡར་ཨང་གྲངས་ཀླད་ཀོར་ལས་མ་སྤྲད་པར་མུ་འཐུད་འཛམ་གླིང་ཁྱོན་ཡོངས་ཀྱི་ནང་ནས་འགྲོ་བ་མིའི་ཐོབ་ཐང་ཞེན་ཤོས་ཡོད་པའི་ས་ཁུལ་དུ་བཞག་འདུག
རྡ་རམ་ས་ལ་རྟེན་གཞི་བྱས་པའི་བོད་གནས་ལྟ་ཞིབ་ཁང་གི་ཉམས་ཞིབ་པ་ཞི་བདེ་ཟླ་བ་ལགས་ཀྱིས་རྒྱ་ནག་གི་སྲིད་འཛིན་ཞི་ཇིན་པིང་གྱི་སྣེ་ཁྲིད་འོག་རྒྱ་ནག་གཞུང་གིས་ཆོས་ལུགས་ཚང་མ་རྒྱ་ནག་གཞུང་གི་ངོ་བོར་བསྒྱུར་ཐབས་བྱེད་པའི་སྲིད་བྱུས་དེའི་དབང་གིས་བོད་ནང་ཆོས་དད་རང་དབང་ཐད་ལ་ཤུགས་རྐྱེན་ཆེན་པོ་སྤྲད་ཡོད་པ་མ་ཟད། རྒྱ་ནག་གཞུང་གིས་བོད་ནང་འཛུགས་སྐྲུན་ལས་གཞི་དང་ཡུལ་སྐོར་སྤྲོད་འཆམ་གྱི་ལས་གཞི་སྣ་ཚོགས་ཞིག་སྤེལ་བཞིན་ཡོད་པ་དེས་བོད་ཀྱི་སྲོལ་རྒྱུན་གྱི་རིག་གནས་དང་། བོད་ཀྱི་ནང་བསྟན་རིག་པ་སོགས་ཀྱི་ཐད་ཤུགས་རྐྱེན་ཆེན་པོ་
སྤྲད་བཞིནཔ་དེས་་བོད་ཀྱི་རིག་གཞུང་གི་ངོ་རྩ་བརླག་གཏོང་ཐབས་བྱེད་བཞིན་ཡོད་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་ལ་གསུངས་ཡོད་པ་རེད།
གཞན་ཡང་སྤྱི་ལོ་༢༠༡༩ ལོའི་རྒྱལ་སྤྱིའི་ནང་གི་རང་དབང་ཞེས་པའི་སྙན་ཐོ་དེའི་སྟེང་རྒྱ་ནག་རྒྱལ་ཁབ་ནི་འཛམ་གླིང་ནང་གི་སྤྱི་དམངས་རང་དབང་དང། ཆབ་སྲིད་ཀྱི་ཐོབ་ཐང་སྡུག་ཤོས་ཀྱི་ཁུངས་སུ་ངོས་འཛིན་བྱས་འདུག་པ་མ་ཟད། ཉེ་དུས་རྒྱ་ནག་རྒྱལ་ཁབ་ནང་སྲིད་དབང་སྒེར་གཅོད་ཀྱི་རིང་ལུགས་ཆེ་རུ་ཕྱིན་ཏེ་མི་སྒེར་དང། ཚོགས་སྡེ་ཁག སྤྱི་ཚོགས་བརྒྱུད་ལམ་ཁག་དེ་བཞིན་སློབ་ཆེན་ཁག་སོགས་ལ་དམིགས་གསལ་གྱི་དམ་དྲག་བྱེད་བཞིན་ཡོད་པའི་སྐོར་བཀོད་འདུག

མཆན། (0)
Share
དྲ་གནས་ཆ་ཚང༌།