རྒྱ་ནག་གཞུང་གིས་ལོ་རྒྱུས་ལྡན་པའི་བོད་བརྒྱུད་ནང་བསྟན་གྱི་དགོན་པ་ཞིག་གཏོར་བཤིག་བཏང་འདུག


2020.09.16
Share on WhatsApp
Share on WhatsApp
རྒྱ་ནག་གི་ནུབ་ཕྱོགས་ཞིང་ཆེན་ཧྲན་ཞིས་ནང་ཡོད་པའི་བོད་བརྒྱུད་ནང་བསྟན་གྱི་ཧྥོ་ཡོན་་(Fuyun)དགོན་པ། རྒྱ་ནག་གི་ནུབ་ཕྱོགས་ཞིང་ཆེན་ཧྲན་ཞིས་ནང་ཡོད་པའི་བོད་བརྒྱུད་ནང་བསྟན་གྱི་ཧྥོ་ཡོན་་(Fuyun)དགོན་པ།
bitterwinter.org

རྒྱ་ནག་གི་ནུབ་ཕྱོགས་ཞིང་ཆེན་ཧྲན་ཞིས་ནང་ཡོད་པའི་ལོ་སྟོང་ཕྲག་མང་པོ་ཕྱིན་པའི་བོད་བརྒྱུད་ནང་བསྟན་གྱི་ཧྥོ་ཡོན་དགོན་པ་གཏོར་བཤིག་བཏང་འདུག
དེ་ཡང་(BitterWinter)་ཞེས་པའི་རྒྱ་ནག་ནང་གི་ཆོས་དད་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་དུས་དེབ་ཀྱིས་ཕྱི་ཚེས་༡༥་ཉིན་གནས་ཚུལ་སྤེལ་དོན་ལྟར་ན། རྒྱ་ནག་གི་ནུབ་ཕྱོགས་ཞིང་ཆེན་ཧྲན་ཞིས་(Shanxi)་ནང་གི་(Yuci)་རྫོང་ཁོངས་ཀྱི་(Jinzhong)་གྲོང་ཁྱེར་ཐོག་མར། དེ་སྔ་རྒྱ་ནག་གི་ཐང་རྒྱལ་རྒྱུད་སྐབས་གསར་བཞེངས་ཞུས་པ་དང་། ཕྱི་ལོ་༢༠༠༢་ནས་༢༠༡༡་བར་ཨ་སྒོར་ས་ཡ་གཉིས་དང་འབུམ་དགུ་འམ་རྒྱ་སྒོར་ས་ཡ་༢༠་ཡི་འགྲོ་སོང་བཏང་སྟེ་ཉམས་གསོ་ཞུས་པའི་བོད་བརྒྱུད་ནང་བསྟན་དང་རྒྱ་ནག་གི་ནང་པའི་ཁྱད་ཆོས་གཉིས་ཀ་ལྡན་པའི་(Fuyun)་དགོན་པ་དེ་བཞིན་ལོ་མང་རིང་རྒྱ་ནག་གཞུང་གིས་ཆོག་མཆན་སྤྲད་པའི་དགོན་པ་ཞིག་ཡིན་སྟབས། དེར་གནས་མཇལ་དུ་ཕེབས་མཁན་མང་པོ་ཡོད་པ་རེད་ལ། ས་གནས་གཞུང་གིས་ཕྱི་ལོ་༢༠༡༧་ལོར་(Fuyun)་དགོན་པ་དང་། དེའི་ཉེ་ཁུལ་དུ་ཡོད་པའི་(Hehe)་དགོན་པ་གཉིས་ལ་ཡུལ་སྐོར་སྤྲོ་འཆམ་པ་འགུག་ཐབས་སུ་རྒྱ་སྒོར་ས་ཡ་༣༠༠་བཏང་སྟེ་དགོན་པ་གསར་པ་ཞིག་བཞེངས་རྒྱུའི་གསལ་བསྒྲགས་ཀྱང་བྱས་ཡོད་པ་རེད། ཡིན་ནའི་ཕྱི་ལོ་༢༠༡༩་ལོར་རྒྱ་ནག་གཞུང་གིས་འཆར་གཞི་འགྱུར་བ་བཏང་སྟེ་ལོ་དེ་གའི་ཕྱི་ཟླ་༡༡་པའི་ནང་ས་གནས་ནང་པའི་ཆོས་ཚོགས་ཀྱིས་(Fuyun)་དགོན་པ་ནས་བོད་པའི་སྲོལ་རྒྱུན་གྱི་རླུང་རྟ་དར་ལྕོག་ཁག་མེད་པར་བཟོ་དགོས་པ་དང་། དགོན་པའི་ནང་བོད་བརྒྱུད་ནང་བསྟན་གྱི་ལུགས་ལྟར་ལི་ལས་གྲུབ་པའི་སྐུ་འདྲ་གཉིས་ཡོད་པ་དེ་དག་ཀྱང་ཕྱིར་བཏོན་དགོས་པའི་བཀའ་རྒྱ་བཏང་འདུག དེ་ནས་ཕྱི་ལོ་༢༠༡༩་ལོའི་ཕྱི་ཟླ་༧་ཚེས་༢༡་ཉིན་རྒྱ་ནག་གཞུང་གི་དཔོན་རིགས་ཚོས་ས་གཤོང་འཕྲུལ་འཁོར་ཆེན་པོ་ཞིག་དང་། ས་རྐོ་རྡོ་སློག་བྱེད་ཀྱི་འཕྲུལ་ཆས་བདུན་དགོན་པར་བཏང་སྟེ་བོད་ཀྱི་སྲོལ་རྒྱུན་ལྟར་གྱི་དགོན་པའི་རྒྱ་ཕིབ་དང་དགོན་པའི་གྱང་ལ་གསེར་ཡིག་བྲིས་ཡོད་པ་ཚང་མ་གཏོར་བཤིག་བཏང་དུ་བཅུག་ཡོད་འདུག་ལ། སྐབས་དེར་དགོན་པ་དེར་བསྐྱོད་སའི་ལམ་བུར་ཉེན་རྟོག་པ་འགྲེམས་འཇོག་བྱས་ཏེ་ཆོས་མཇལ་ཞུ་བར་ཕེབས་མི་རྣམས་བཀག་འགོག་བྱས་པ་དང་། དེའི་རྗེས་ཙམ་ལ་དགེ་འདུན་པ་ཡོངས་རྫོགས་ཕྱིར་ཕུད་བཏང་ནས་དགོན་པ་དེ་འཕྲལ་སེལ་རིང་སྒོ་རྒྱབ་ཚུལ་སེམས་འཚབ་བྱེད་མཁན་ས་གནས་མི་མང་ལ་རྒྱ་གཞུང་གི་ལས་བྱེད་པ་ཚོས་བཤད་ཡོད་ན་ཡང་། དེ་དོན་དངོས་མ་ཡིན་པར་དེ་ནས་ཉིན་གཉིས་ཀྱི་རྗེས་སུ་དགོན་པ་དེ་མཚན་མོར་གཏོར་བཤིག་བཏང་ཡོད་འདུག
དེའི་ཐད་ས་གནས་རྒྱ་ནག་གི་ལས་བྱེད་པ་ཞིག་གིས་བརྗོད་པ་ལྟར་ན། དགོན་པ་དེ་གཏོར་བཤིག་དགོས་དོན་ནི། རྒྱ་གཞུང་གིས་བོད་བརྒྱུད་ནང་བསྟན་ཐོག་དྲག་གནོན་བྱེད་བཞིན་པའི་ཆ་ཤས་ཤིག་ཡིན་ལུགས་འགྲེལ་བརྗོད་བྱས་ཡོད་པའི་གནས་ཚུལ་སྤེལ་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བསྟན་འཛིན་དཀོན་མཆོག་ལགས་ཀྱིས་ཡུ་ཀྲུབ་སྤྱི་ཚོགས་དྲ་ལམ་ཐོག་རྗེས་འབྲང་པ་ས་ཡ་གཅིག་ལྷག་བྱུང་བ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎